//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > གསང་ནད་གྱི་སྐོར། > ནང་དོན།

འབྲུམ་པ་ཅན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 11:31:26 ཀློག་གྲངས། 36 

         འབྲུམ་པ་ཅན་གྱི་ནད་ཅེས་པ་ནི་ཆགས་སྤྱོད་ལས་འགོས་ཁྱབ་བྱུང་བར་ཕོ་མོའི་མཚན་མ་དང་། གཞང་ཁ་སོགས་སུ་འབྲུམ་པ་མང་པོ་ཡུངས་དཀར་འདྲ་ཁྱབ་པའི་ནད་ཅིག

རྒྱུ་རྐྱེན།

      རྒྱུ་རྐྱེན་གཅིག་མཐུན་དུ་ཆགས་པ་སྤྱད་དྲགས་པ་དང་། གྲ་མས་རེག་པ་སྟེ་གྲ་མ་ཟུག་པ་དང་གྲ་མས་འདྲུད་བརྡར་ཤོར་བ། དུ་ནག་བསྟེན་པ། འཁྲིག་པ་ལོག་པར་སྤྱད་དྲགས་པ་ལས་བྱུང་བ།

ནད་རྟགས

      མཚན་མ་དང་གཞང་ཁར་འབྲུམ་པ་ཡུངས་དཀར་འདྲ་བས་ཁྱབ་པ། མཚན་མ་གཡའ་ཤིང་སྐྲངས་ལ་ལྕི་སྣང་འཆར་བ།

      འཕར་རྩའི་རྒྱུ་བ་ཕྲ་ལ་མགྱོགས་པ།

      དྲི་ཆུ་དམར་སེར་ཀུ་ཡ་སྲབ་པ།

      ལྕེ་མདོག་དམར་སེར་ཡིན་པ།

གཞོགས་འདེགས་བརྟག་དཔྱད།

      འབྲུམ་པ་ཅན་གྱི་ནད་འདི་སྤྱིར་བཏང་དུ་ངོས་འཛིན་བྱེད་སླ་བར་ནད་རྟགས་མངོན་གསལ་མིན་ཚེ་ཕྲ་དུང་རིག་པའི་བརྟག་དཔྱད་དང་། ཕུང་གྲུབ་རིག་པའི་བརྟག་དཔྱད་སོགས་བྱས་ཆོག

འཁྲུལ་སོ་བསལ་བ།

      སོས་ཟིན་ནི་ཕོ་མཚན་རྟག་ཏུ་འགྲེང་བར་སྡོད་པ་དང་ཕྱི་པགས་གས་པ། མདོག་དམར་པོར་གྱུར་ནས་སྐྲངས་ལ་ཚ་བ་སྐྱེས་པ། འབྲུམ་པ་ནག་པོ་ཁྲག་ཅན་དོན་ནས་འཛག་པ། ཟ་འཕྲུག་ལངས་ཤིང་རླིག་པ་སྐྲངས་ལ་རྣག་ཏུ་སྨིན་པར་དཀའ་བ།

      མདུད་པ་ཅན། ཕོ་མཚན་གྱི་པགས་པ་ཕྱིར་ལོག་ཅིང་མདུད་པ་ལྟར་སྐྲངས་ལ་ཤུ་བ་འབྱུང་བ།

       གྲ་མ་ཅན། ཕོ་མཚན་གྱི་ནང་གྲ་མས་གང་སྙམ་དུ་སེམས་སྟེ་རྩུབ་ཧྲལ་བྱེད་པ།

གོང་ངོས། རེག་དུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X