//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

ལོང་ནད་ཚ་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 10:12:14 ཀློག་གྲངས། 8 

   ལོང་ནད་ཚ་བ་ནི་ཟས་སྤྱོད་དམན་ལྷག་ལོག་པས་ལོང་གི་གནས་སུ་གཉན་ཁ་རྒྱས་པའམ་དམར་སྐྲངས་ཆགས་ཏེ་ན་བའི་ནད་ཅིག་རེད།

རྒྱུ་རྐྱེན།

  ཟས་སྐོམ་ཚ་སྐྱུར་དང་།  རུལ་སུངས་སུ་གྱུར་པ། ཆང་རྙིང་། ཤ་རུལ་བའི་རིགས་བསྟེན་དྲགས་པ་སོགས་ཀྱིས་བསླངས་པ་རེད།

ནད་རྟགས།

  ཁ་ལྕེ་སྐམ་ལ་སྐོམ་དད་ཆེ་བ་དང་གསུས་པ་སྦོས་བརྒྱངས་བྱེད་པ། མཁལ་རྐེད་ན་བ། ལྟེ་བའི་ཟུར་དུ་གནོན་ཟུག་ཡོད་པ། ལུས་རྔུལ་བ།

  བཤང་བ་འགགས་པ་སོགས་ཀྱི་རྟགས་འབྱུང་།

   ཆུ་མདོག་སེར་པོ་དྲི་རླུང་ཆུང་།

   ལྕེ་མདོག་དམརགལ་སྐམ་པ།

གཞོགས་འདེགས་བརྟག་དཔྱད།

   ནད་འདི་ལ་གཞོགས་འདེགས་བརྟག་དཔྱད་ལས་རྒྱུ་ཤེལ་གྱིས་བརྟག་ན་ནད་ངོས་འཛིན་ཅུང་སླ་བ་དང་། དེས་རྒྱུ་ལོང་གི་ནད་གཞན་ཡོད་མེད་ཀྱི་འཁྲུལ་སོ་ཡང་སེལ་ཐུབ།  གཞན་མི་ནོར་བའི་ཁྱད་པར་གྱི་རྟགས་ལ། ལྟེ་ཟུར་གཡས་གཡོན་དུ་གནོན་ཟུག་ཡོད་པ་དང་བཤང་བ་འགགས་པ། ཁ་སྐམ་སྐོམ་དད་ཆེ་བ་སོགས་ཀྱི་རྟགས་བྱུང་ན་མི་འགྱུར་བའི་རྟགས་ཡོད།

འཁྲུལ་སོ་བསལ་བ།

  ཁ་ལྕེ་སྐམ་ལ་སྐོམ་དད་ཆེ་བ་དང་གསུས་པ་སྦོས་བ། མཁལ་རྐེད་ན་བ། ལྟེ་བའི་ཟུར་དུ་གནོན་ཟུག་ཡོད་པ། ལུས་རྔུལ་བ། བཤང་བ་འགགས་པ་སོགས་ཀྱི་རྟགས་འབྱུང་བས་རྒྱུ་གཟེར་དང་རྒྱུ་ལྷག་སོགས་ལ་འཁྲུལ་བོ་བསལ་དགོས་ཏེ།

   རྒྱུ་གཟེར་ནི་གྲང་ཤུམ་བྱེད་པ་དང་མགོ་དང་ཚིགས་གཞི་ན་བ། ཁྲག་དང་བེ་སྣབས་འཁྲུ་ལ་འཁྲུ་སྐབས་ལྟེ་བའི་གཡས་གཡོན་དུ་ན་ཟུག་དྲགས་པོ་རྒྱག་པ། འཁྲུ་བོངས་ཆུང་ལ་བོངས་གྲངས་མང་བ།

  རྒྱུ་ལྷག་ནད་ཀྱི་གླང་ཐབས་ལྟེ་བའི་གཡསའོག་ཏུ་ཟུག་གཟེར་ཆེ་བ། སྐྱུགས་མེར་ལངས་བ། རྒྱུ་ལྷག་ཡུལ་ཏུ་གནོན་ཟུག་དང་གློད་ཟུག་ཡོད་ལ་དེས་ཤ་གྲིམས་མཁྲེགས་པོ་ཆགས་པ། ཁོག་པ་འཁྲུའམ་སྐྱུག་པ།

གོང་ངོས། རྒྱུ་ཚད།
X