//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

རྒྱུ་ལྷག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 9:39:05 ཀློག་གྲངས། 43 

   རྒྱུ་གླང་གི་ནད་ནི་རྒྱུ་ལྷག་གི་ནང་དུ་ཟས་རིགས་མཁྲེགས་རྡོག་ཅན་དང་བྱེ་རྡོ་ཆུང་བ་ཤོར་བའམ། ཡང་ན་རྒྱུ་སྲིན་སོགས་ཤོར་བས་ཕྱིར་དོན་མ་ཐུབ་པར་དེར་གཉན་ཚད་རྒྱས་པའི་ནད་ཅིག་རེད།

རྒྱུ་རྐྱེན།

   ཟས་རིགས་མཁྲེགས་རྡོག་ཅན་དང་། ཡང་ན་བྱེ་སག་གམ་རྡོ་ཞིབ་འདྲེས་པ་ཤོར་བ་དང་། རྗེན་པ་དང་གྲང་མོ་སོགས་བསྟེན་ཆེས་པ། ལུས་ཁམས་འཁྱགས་པ་དང་། འཁྲུགས་ལས་ཆེས་དྲགས་པ་སོགས་ཀྱིས་བསླངས་པ་རེད།

ནད་རྟགས།

   ཐོག་མར་གྲོད་ཁོག་སྟོད་ཆ་དང་། ཡང་ན་ལྟེ་བའི་གཡས་གཡོན་དུ་གློ་བུར་ན་ཟུག་ལངས་པ་དང་། དེ་རྗེས་རིམ་བཞིན་ལྟེ་བའི་གཡས་དང་གཞོགས་གཡས་ཀྱི་སྟ་ཟུར་ཚུར་སོར་བཞི་བཅལ་བའི་མཚམས་སུ་ལྡང་དུབ་ཅན་གྱི་ཟུག་གཟེར་དྲགས་པོ་ལངས་པ། ནད་དམིགས་བརྟན་པོ་ཡོད་པ་དང་མཉམ་དུ་ཡར་སྐྱུགས་པའམ་སྐྱུགས་མེར་ལངས་པ། ཚ་རྒྱག་པ། རེ་འགར་ཁོག་པ་བཤལ་བའི་རྟགས་འབྱུང་། ན་དམིགས་ངེས་གཏན་གྱིས་གཟེར་བ་དང་། དེའི་རྒྱུད་ཀྱི་ཤ་སྒྲིམ་མཁྲེགས་པོ་ཆགས་ནས་མནན་སྐབས་ཟུག་ཆེ་རུ་འགྲོ་བ། ཉལ་དུས་རྐང་བ་གཡས་པ་དྲང་བོར་བརྐྱང་མི་ཐུབ་པ། ཚ་བ་མཐོ་རུ་འགྲོ་བ།

   རྒྱུ་ལྷག་ཡོད་སའི་ཤ་སྒྲིམ་མཁྲེགས་ཤིང་གནོན་གཟེར་དང་གློད་གཟེར་གསལ་བོ་ཡོད་ན་རྒྱུ་ལྷག་རྡོལ་བ་དང་། གྲོད་སྐྱིའི་ཆ་ཤས་ལ་གཉན་ཚད་ཡོད།

   དེ་བཞིན་རྒྱུ་ལྷག་ཡོད་སར་སྐྲངས་འབུར་རིགས་རེག་ཐུབ་ན་རྒྱུ་ལྷག་དང་དེའི་མཐའ་སྐོར་རྣག་ཡོད་པའི་རྟགས་རེད། ཟླ་བ་བཞི་ཙམ་སོང་བའི་སྦྲུམ་ལྡན་གྱི་རྒྱུ་གླང་གི་གནོན་གཟེར་ནི་དེ་ལས་ཅུང་མཐོ་བ་ཡོད་པ་ཤེས་དགོས།

གཞོགས་འདེགས་བརྟག་དཔྱད།

   ཁྲག་གི་རྒྱུན་སྲོལ་ལས་WBCརྒྱུན་ལྡན་ལས་མཐོ་བ་དང་གཞན་ཕུང་གསོན་བརྟག་དཔྱད། དྲི་ཆུ་རྒྱུན་སྲོལ་སོགས་ལ་ཡང་རྒྱུན་ན་ལས་འགྱུར་བ་བྱུང་ཡོད། གཞོགས་འདེགས་བརྟག་དཔྱད་བཏང་ན་ནད་ངོས་གསལ་བོར་འཛིན་ཐུབ་པ་དང་། བླ་གཉན་གྱི་ནད་ཡོད་མེད་སོགས་ལ་གསལ་བོར་ཤེས་ཐུབ། དེ་ལས་གཞན་མི་ནོར་བའི་ཁྱད་པར་གྱི་རྟགས་ནི་གྲོད་ཁོག་སྟོད་ཆ་དང་ལྟེ་བའི་གཡས་གཡོན། རིམ་གྱིས་གཞོགས་གཡས་ཀྱི་སྟ་ཟུར་ནས་ཚུར་སོར་བཞིའི་མཚམས་ལྡང་དུབ་ཅན་གྱི་ཟུག་དྲག་པོ་ལངས་པ་དང་། གནས་དེ་གར་ན་བ། སྐྱུགས་པ། ཚ་རྒྱག་པ། རྐང་པ་གཡས་པ་རྐྱོང་དུས་ན་ཟུག་གཏོང་བ་སོགས་ཡིན།

འཁྲུལ་སོ་བསལ་བ།

   གྲོད་ཁོག་སྟོད་ཆ་དང་། ཡང་ན་ལྟེ་བའི་གཡས་གཡོན་དུ་གློ་བུར་ན་ཟུག་ལངས་པ་རྒྱུ་གླང་གི་ནད་དང་། གྲོད་ཁོག་ཡོངས་ན་ལ་ཁྲག་དང་བེ་སྣབས་འཁྲུ་བ། འཁྲུ་བོངས་ཆུང་ལ་ཐེངས་གྲངས་མང་བ་རྒྱུ་གཟེར་དང་། ཟས་རིགས་ཟོས་རྗེས་ན་བ་དང་སྦོ་འགྱིང་ཟུག་གཟེར་ཆེ་བ། འོག་རླུང་མི་ཐོན་པ་རྒྱུ་འཁྲིལ་སོགས་ཡིན་པས་མ་ནོར་བ་གཅེས།

གོང་ངོས། རྒྱུ་རྒན།
X