//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

མཁལ་ཚད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 15:39:27 ཀློག་གྲངས། 22 

   མཁལ་ཚད་ཟེར་བ་དེ་ནི་ཟས་སྐོམ་དང་སྤྱོད་ལམ་སོགས་འཚམ་པོ་མ་བྱུང་བ་ལས་བསྐྱེད་པའི་མཁལ་མར་ཚ་བ་ཞུགས་ནས་དྲི་ཆུ་སྲི་ཞིང་རྐེད་པ་འཁོར་ནས་ན་བའི་ནད་ཅིག་རེད།

རྒྱུ་རྐྱེན།

  རྟ་སོགས་ཀྱི་སྟེང་ནས་ལྷུངས་ཏེ་བརྡབས་པ་དང་། མི་ཐེག་པའི་རིགས་ཁུར་བ་དང་བདེགས་པ། རླན་གཤེར་ལ་སོགས་པའི་སྟེང་དུ་འདུག་པ་དང་། ཆུ་བརྒལ་བ་སོགས་ཆུའི་ལས་བྱས་དྲགས་པ། དཀར་མངར་ཟས་བསྟེན་དྲགས་པ།

ནད་རྟགས།

  ཆང་འཐུངས་བ་དང་འགྲོ་འདུག་བྱས་ཚེ་མཁལ་རྐེད་ན་བ། ཆུ་ཁ་ཚ་ཞིང་ན་ཟུག་གཏོང་བ། ཤ་རུས་བར་ལ་ཚ་འཁྱུག་བྱེད་པ། མགོ་བོ་ན་ཞིང་རྣ་བ་འོན། རྐང་བ་ཞ་བ།

  མིག་དང་གདོང་སྐྲངས་ཞིང་གཅིན་པ་ཡང་ཡང་འབབ་པ་དང་། ཚབས་ཆེ་སྐབས་སུ་ཟགས་ཆུ་ཁྲག་དུ་བྱུང་ཞེས་གཅིན་པའི་ནང་དུ་ཁྲག་འདྲེས་ནས་འབབ་པ།

  རྩ་རྒྱུད་ཕྲ་ལ་གྲིམས་པར་འཕར།

  དྲི་ཆུའི་མདོག་དམར་ལ་རླངས་པ་ཆེ་ཞིང་གྲང་ན་ཉོག་པོ་ཆགས་པ་སོགས་ཀྱི་རྟགས་ལྡན་པ།

  ལྕེ་མདོག་དམར་བ་དང་མདངས་ཞན་ལ་དྲེག་པ་སྲབ།

གཞོགས་འདེགས་བརྟག་དཔྱད།

  ནད་ལྡང་བའི་སྐབས་སུ་ཁྲག་པྲ་WBCW-LCRམཚམས་རེར་རྒྱུན་ལྡན་ཀྱི་ཚད་ལས་ཇེ་མཐོ་དང་། ཁྲག་ཤེད་མཐོ་བ། ཁྲག་པྲBUN17-83mm01L/L,BGr35-106mol/Lལས་ཇེ་མཐོ་འགྲོ་བའང་ཡོདགཅིན་པྲ་ལསPROERY+++སམ་ཡང་ན་གཅིན་པར་ཕྲ་མཐོང་མེ་ལོང་གིས་བལྟས་ནWBCRBC++མཐོང་ཐུབ།

འཁྲུལ་སོ་བསལ་བ།

  མཁལ་ཚད་དང་མཁལ་རླུང་གཉིས་ལ་མཁལ་རྐེད་ན་བའི་རྟགས་མངོན་ཚུལ་འདྲ་མོད། འགྲོ་འདུག་བྱས་ཚེ་མཁལ་རྐེད་ན་བ། ཆུ་ཁ་ཚ་ཞིང་ན་ཟུག་གཏོང་བ། མིག་དང་གདོང་སྐྲངས་ཤིང་གཅིན་པ་ཡང་ཡང་འབབ་པ་དང་། ཚབས་ཆེ་སྐབས་ཟགས་ཆུ་ཁྲག་དུ་འབྱུང་བས་མཁལ་རྐེད་འཁོར་ནས་ན་བ། ནད་དམིགས་གསལ་བར་མི་རྙེད་ཅིང་རྣ་བ་འོན་པར་འགྱུར་བ་ནི་མཁལ་རླུང་།

གོང་ངོས། མཁལ་འགྲམས།
X