//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

མཆིན་པ་སྨུག་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 15:11:33 ཀློག་གྲངས། 20 

   མཆིན་པ་སྨུག་པོ་ནི་ངན་ཁྲག་ཡུན་རིང་རྒྱས་ནས་འདུས་ནད་སྨུག་པོ་དེ་མཆིན་པར་བབས་པ་ལ་བྱའོ།

རྒྱུ་རྐྱེན།

  གསར་ཐོག་འབྲུ་དང་མར་རྙིང་སོགས་སྣུམ་ལྕིའི་ཟས་དང་། བསིལ་དྲོད་ཡུན་རིང་བསྟེན་དྲགས་པ། ཆང་མང་དུ་བཐུངས་བ། མཆིན་པར་བསྣད་འགྲམས་བྱུང་ནས་ཡུན་རིང་འགོར་བ་སོགས་ཀྱིས་བསླངས་པ །

ནད་རྟགས།

   མཆིན་དྲི་རོ་རྒྱབ་ན་ལ་ཚིགས་པ་བཀན་ཞིང་མཉེས་ན་ཕན་སྙམ་བྱེད་པ།

  མེ་ཉིས་དྲོས་པའམ་དྲོད་བཅུད་དང་རུལ་སྐྱུར་ཟས་རིགས་ལྷག་པར་གནོད་པ།

  མཆིན་པ་རྒྱས་ན་སྲ་ཞིང་ཁེངས་ལ་སྐྲན་ལྟར་ན་བ།

  རྩ་ཆུ་གང་རུང་ཁྲག་ནད་ལྟར་མངོན་པ།

གཞོགས་འདེགས་བརྟག་དཔྱད།

  Bསྒྲ་བརྒལ་ལས་མཆིན་པ་ཆེར་རྒྱས་བ། མཆིན་པའི་ནུས་བ་ཉམས་པ་མངོན། CTདང་MRIལས་མཆིན་པའི་དབྱིབས་རྒྱུན་ལྡན་མིན་པར་ཇེ་ཆེར་སོང་ཡོད་པ་དང་མཆེར་བ་སྦོས་པ་སོགས་མཐོང་ཐུབ། ཁྲག་པྲ་ལས་ཆ་ཤས་ཁྲག་དཀག་གདོད་རྩབས་སྐུལ་བྱེད་དུས་ཚོད་ཇེ་རིང་ཡིན་པ། ཁྲག་ལབ་ཆུང་བ་རྒྱུན་ཚད་ལས་དམའ་བ།

འཁྲུལ་སོ་བསལ་བ།

   མཆིན་ནད་ལེབ་རྒན་དང་འཁྲུལ་སོ་བསལ་བ་ནི། ངན་ཁྲག་མཆིན་པར་བབས་པས་ནད་ཀྱི་གྱུར་ཚུལ་འདྲ་ཡང་མཆིན་སྟེང་རྩིབ་ཐུང་གཡས་གཡོན་སྦོ་ཞིང་ན་བ་དང་། ལུས་དང་མཚོག་མ་ལྕི་ཞིང་རོ་སྟོད་གཟེར་བ། སྟེང་བཏོན་རྡིབ་སྙམ་འོག་བཅུག་འབུགས་སྙམ་བྱེད་པ། ཙོག་པར་འདུག་ན་ཐུར་དུ་འཐེན་པ་འདྲ་བ། ཤ་སེར་བ་དང་མཁལ་རྐེད་མི་བདེ་སྒྱིད་པ་འཁུམས་པ་བཅས་ཀྱི་ན་ལུགས་ལས་འཁྲུལ་སོ་སེལ་ནུས།།

   མཆིན་པའི་ཁྲག་སྐྲན་དང་འཁྲུལ་སོ་བསལ་བ། མཆིན་པའི་ཁྲག་སྐྲན་ནི་དྭངས་མ་མ་ཞུ་བར་མཆིན་པར་ངན་ཁྲག་རྒྱས་པ་ཡིན་པས་ནད་ཀྱི་གྱུར་ཚུལ་འདྲ་ཡང་འཕེལ་བ་སྐྱེན་ལ་གཡས་ནས་རིམ་པར་ཆགས་ཤིང་མིག་སེར་ལ་ཆུ་མདོག་དམར་བ་དང་གྲང་བའམ་དྲོས་ཚེ་རོ་རྒྱབ་དང་མཆིན་དྲི་སྦྲགས་ནས་ན་བ། ཤ་མདངས་སྔོ་ཞིང་སྐམ་ལ་སིངས་གླེག་ལྟ་བུ་ནལ་ནལ་བོ་སྐྱུགས་པ། སྐྲན་དེ་རྒྱས་ནས་མཁྲིས་ཡུལ་ཕྲོགས་ན་མིག་དང་ཆུ་མདོག་སེར་བོར་འགྲོ་བ་ལས་འཁྲུལ་སོ་སེལ་ནུས་སོ། །

X