//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

མཆིན་ནད་ལེབ་རྒན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 15:10:59 ཀློག་གྲངས། 8 

མཆིན་ནད་ལེབ་རྒན་ནི་ཚྭ་སྐྱུར་གྱི་ཟས་དང་ཆང་རག་སོགས་བསྟེན་དྲགས་པའི་རྐྱེན་གྱིས་ངན་ཁྲག་འཕེལ་ནས་མཆིན་པ་ཆེར་རྒྱས་པའི་ནད་ཅིག་ཡིན།

རྒྱུ་རྐྱེན།

      ཚྭ་སྐྱུར་གྱི་ཟས་བསྟེན་དྲགས་པ། བཅུད་ཅན་དང་རུལ་སུངས་ཀྱི་ཟས་བསྟེན་དྲགས་པ། ཆང་རག་སོགས་འཐུངས་དྲགས་པ་སོགས་ལས་བྱུང་།

ནད་རྟགས།

      མཆིན་སྟེང་དང་རྩིབ་ཐུང་གཡས་གཡོན་གཉིས་ཀྱི་ཡུལ་དུ་སྦོ་ཞིང་ན་བ།

      ལུས་སྤྱི་དང་མཚོགས་མ་ལྕི་ཞིང་རོ་སྟོད་གཟེར་བ།

      ན་ངོས་དེ་སྟེང་དུ་བཏོན་པའི་ཚེ་རྡིབ་པ་སྙམ་དུ་སེམས་ཤིང་། འོག་ཏུ་བཅུག་ན་འབུགས་སྙམ་བྱེད་པའི་ན་ཟུག་གཏོང་བ་དང་། ཙོག་པུར་འདུག་ན་ཐུར་དུ་འཐེན་པ་འདྲ་བ།

       མཇུག་ཏུ་ངན་ཁྲག་རྒྱས་ཤིང་འཕེལ་བས་པགས་མིག་སེར་པོར་འགྱུར་བ།

      འཕར་རྩའི་རྒྱུ་བ་གྲིམས་ལ་ཀན་རྩ་འབུར་བ།

      ཆུ་མདོག་སེར་ཞིང་དྲི་མ་ཅུང་དུགས།

      ལྕེ་མདོག་དམར་ལ་དྲེག་པ་སྐྱ་བོ་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

      སྒྲ་བརྒལ་སོགས་ལས་མཆིན་པ་ཆེར་རྒྱས་བ་མངོན། སྙིང་གི་གཟུགས་དབྱིབས་ཇེ་ཆེར་ཡིན་པ། མཆིན་པའི་གནས་སུ་གནོན་གཟེར་མངོན་པ། རྐང་པ་སྐྲངས་པ།

འཁྲུལ་སོ་བསལ་བ།

      མཆིན་ནད་དུག་ཐབས་དང་འཁྲུལ་སོ་བསལ་བ། བྱང་ཁོག་གཡས་སྟོད་ཀྱི་མཆིན་ཁམས་རྒྱུད་དུ་གང་ཡོད་ལྟ་བུའི་བདེ་བོ་མེད་པ་དང་ཡང་ན་གཟེར་བ། མུར་གོང་དང་རྐང་ལག་གི་མཐིལ་བཞི་སེར་སྐྱ་ཆགས་པ། ལུས་ཁམས་ཀྱི་པགས་པའི་སྐྱིའི་འོག་ཏུ་ཁྲག་འཛིར་བ། གཉིད་ཀྱིས་གཟིར་བ། མཆིན་པ་འཁུམས་ནས་ཆུང་དུ་འགྲོ་བ་དང་། ཁྲག་རུལ་སྐྱུག་པ། སྐབས་རེར་དྲན་པ་ཐོར་བ་སོགས་ལས་འཁྲུལ་སོ་བསལ་དགོས།

        མཆིན་པའི་སྨུག་པོ་དང་འཁྲུལ་སོ་བསལ་བ། མཆིན་པར་ངན་ཁྲག་རྒྱས་པའི་ཆ་ནས་འདྲ་ཡང་མཆིན་པའི་སྨུག་པོ་ནི་མཆིན་དྲི་རོ་རྒྱབ་ན་བ། ཚིགས་པ་རྣམས་མཉེ་ན་ཕན་སྙམ་བྱེད་པ། མེ་དང་ཉི་མ་དྲོད་བཅུད་ཀྱི་རིགས་ལས་སློང་ཞིང་མཆིན་པ་རྒྱས་ནས་སྲ་ཁེངས་སྐྲན་ལྟར་ན་བའོ། །

X