//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

མཆིན་རྒུད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 15:09:28 ཀློག་གྲངས། 14 

མཆིན་རྒུད་ཀྱི་ནད་ནི་ཐོག་མར་མཆིན་པ་ཆེར་སྐྲངས་བ་ནས་རིམ་བཞིན་མཆིན་ཁམས་སྲ་ཞིང་ཇེ་ཆུང་དུ་འགྲོ་བ།  མཐར་མཆིན་པའི་ནུས་པ་ཤོར་ཏེ་ཁོག་པར་ཆུ་བསོགས་པ་དང་དྲན་པ་ཤོར་བ་སོགས་བྱེད་པའི་ནད་ཅིག་རེད།

རྒྱུ་རྐྱེན།

      ཟས་ཚ་སྐྱུར་རིགས་བསྟེན་དྲགས་པ། མ་ཞུ་བ་བྱུང་བ། ཆང་འཐུངས་དྲགས་པ། མཆིན་པར་ཡུན་རིང་དུ་ཚ་རྒྱས་པ་སོགས་ལས་བསླངས་པ།

ནད་རྟགས།

       ཟས་རྗེས་མཆིན་པ་ན་བ། ཆུ་དྲོན་སྐྱུག་ལ་གཡལ་མི་ཕྱིན་པ། ན་ཡུན་རིང་བ།

      མཆིན་ཁམས་རྒྱུན་དུ་མི་བདེ་བ། ཁོག་པ་སྦོས་རྒྱངས་བྱེད་པ། ཟས་འཇུ་དཀའ་བ། ཟས་སྐོམ་སྣུམ་བཅུད་རིགས་ལ་ཞེན་ཁ་ལོག་པ།

      ལུས་ཤེད་ཉམས་པ་དང་སྒྱིད་ལུག་པ།

      ངོ་གདོང་དང་བྲང་ངོས། ཕོ་བའི་ངོས་སོགས་ལ་དམར་ཐིག་ཆུང་ཆུང་རྩ་རིས་ཅན་དོན་པ། མིག་སྤྲིན་དང་གདོང་མདངས་སྐྱ་སེར་ཆགས་པ།

      གསུས་རྩ་རྣམས་སྦོས་ཤིང་གསལ་བོར་མངོན་པ། རྐང་བོལ་སྐྲངས་པ། སོ་རྙིལ་སྐྲངས་པ་དང་ཁྲག་འབྱུང་བ། སྣ་ཁྲག་འོང་བ། པགས་པའི་ལྡེམ་ཤུགས་ཉམས་པ། ལུས་སྟེང་དུ་སྨུག་ཐིག་དོན་པ། མཐར་མཆིན་པའི་ནུས་པ་ཤོར་ནས་དྲན་པ་ཉམས་པ།

        རྩ་རྒྱུད་ཕྲ་ལ་ཞན་པ།

      ཆུའི་མདོག་སྨུག་པ །

      ལྕེ་སྐམ་ལ་དྲེག་པ་སྐྱ་སེར་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

       Bསྒྲ་བརྒལ་ལས་མཆིན་པ་འཁུམས་ནས་ཆུང་དུ་འགྲོ་བ། མཆིན་པའི་ནུས་བ་ཉམས་པ་མངོན། CTདང་MRIལས་མཆིན་པའི་དབྱིབས་རྒྱུན་ལྡན་མིན་པར་ཇེ་ཆེར་སོང་ཡོད་པ་དང་མཆེར་བ་སྦོས་པ་སོགས་མཐོང་ཐུབ། Bསྒྲ་བརྒལ་མཆིན་པའི་ཆེ་ཆུང་དང་། དབྱིབས། མཆེར་བ་ཆེར་སྐྲངས་ཡོད་མེད་སོགས་ལ་བརྟག་ནས་ངོས་འཛིན་བྱེད་དགོས། ཁྲག་པྲ་ལས་ཆ་ཤས་ཁྲག་དཀག་གདོད་རྩབས་སྐུལ་བྱེད་དུས་ཚོད་ཇེ་རིང་ཡིན་པ། ཁྲག་ལབ་ཆུང་བ་རྒྱུན་ཚད་ལས་དམའ་བ། ཁྲག་པྲ་ལས་སྦྲི་དཀར་སྤྱི་བསྡོམས25gདང་ཟགས་ཆུའི་སྤྲི་དཀར་སྤྱི་བསྡོམས25gལས་ཆེ་བ།

འཁྲུལ་སོ་བསལ་བ།

 མཆིན་ནད་ལེབ་རྒན་དང་འཁྲུལ་སོ་བསལ་བ། མཆིན་པའི་རྒྱུད་དུ་ན་ཟུག་ཆེ་བའི་ཆ་ནས་མཆིན་ནད་ལེབ་རྒན་དང་འདྲ་ཡང་། མཆིན་ནད་ལེབ་རྒན་ནི་མཆིན་སྟེང་རྩིབ་ཐུང་གཡས་གཡོན་གཉིས་སྦོ་ཞིང་ན་ལ་ལུས་སྤྱི་དང་མཚོགས་མ་ལྕི་བ། རོ་སྟོད་གཟེར་བ་དང་། ཁྱད་པར་ན་ཚུལ་གྱི་སྒོ་ནས་སྟེང་དུ་བཏོན་ན་རྡིབ་སྙམ་བྱེད་པ་དང་འོག་ཏུ་བཅུག་ན་འབུག་སྙམ་བྱེད་པའི་ན་ལུགས་ལས་འཁྲུལ་སོ་སེལ་ནུས།

      མཆིན་ནད་དུག་ཐབས་དང་འཁྲུལ་སོ་བསལ་བ། མིག་དམར་ཞིང་གདོང་བ་སྔོ་ལ་རྩིབ་སྟེང་ཟུག་གཟེར་བྱེད་པ་དང་། ཕོ་མཆིན་གང་སྙམ་སེམས་པ། ཁ་ཟས་འཇུ་དཀའ་ལ་ཟས་ཟོས་ཚེ་ན་བ་དང་བྲུན་སྐེམ་ལ་བོལ་གོང་གཡོ་བ། མུན་གོང་དང་མཐིལ་བཞི་སེར་བོར་འོང་བ་བཅས་ཀྱི་ན་ལུགས་ལས་འཁྲུལ་སོ་སེལ་ནུས་སོ། །

X