//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

རླུང་ཤས་ཆེ་བའི་སྟོད་འཚངས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 15:00:38 ཀློག་གྲངས། 29 

  ནད་ཀྱི་རྒྱུ་དང་མཚན་ཉིད་ལ་བལྟོས་ནས་བཏགས་པའི་ཁྲག་རླུང་འཐབ་པའི་ནད་ཀྱི་མིང་སྟེ། ལུས་ཀྱི་ངན་ཁྲག་རྣམས་ཁྱབ་རྒྱུའི་རླུང་འཁྲུགས་ནས་སྟོད་དུ་འཚངས་པ་དང་། དབུགས་དང་རྩ་ལམ་འཚང་བ་ལ་ཟེར་ཏེ། རླུང་ཁྲག་གཉིས་ལས་རླུང་ཤས་ཆེ་བའོ།

རྒྱུ་རྐྱེན།

  རྒྱུ་ནི་ཐ་མལ་ལུས་ཀྱི་རླུང་ཁྲག་གཉིས་འདོམ་པ་དང་། རྐྱེན་ནི་ལྟོ་དང་གཉིད་ཆག་པ། བསེར་བུས་བུས་པ། སྨྲ་བ་མང་ཞིང་མྱ་ངན་དང་སེམས་ལས་ཆེ་བ། ཆར་རླུང་གྲང་བ་ཁ་ཐལ་བ། ཇ་སོགས་བསིལ་བའི་རྐྱེན་གྱིས་རླུང་བསླངས་པ་ལས་རླང་ཤས་ཆེ་བའི་སྟོད་འཚངས་བྱུང་བའོ། །

ནད་རྟགས།

  སེམས་འཚུབ་ལ་འཕྱོ་བ་དང་གཉིད་ཡེར་བ། རྔམ་པ་རྒོད་ལ་དབུགས་མི་བདེ། ། ཁྱད་པར་དུ་འཚངས་ཤས་ཆེ་ལ་དེ་མིན་དགྱེ་དགུ་དཀའ་བ་དང་དབུགས་ནང་དུ་རྔུབ་དཀའ་བ། རྩམ་པ་བྱུག་ན་ཕན་སྙམ་བྱེད་པས་ངེས་པ་ཡིན།

  དབུགས་འཚངས་ལ་ལུད་པ་སྐྱ་གསོབ་ལུ་བ། རོ་སྟོད་མདུན་རྒྱབ་སྦྲགས་པའམ་རྒྱབ་ངོས་སུ་གཟེར་བ། བརྗེད་ངེས་ཆེ་བ། བྱད་དང་ངར་གདོང་སྐྲངས་བ། གྲང་ཤུམ་བྱེད་པ་དང་གཉིད་ཡེར་བ།

    རྩ་རྒྱུད་སྟོང་ལ་རྒྱུགས་མནན་མི་བཟོད།

   ཆུ་མདོག་སྔོའམ་ཡང་ན་དམར་སེར་དྭངས།

  ལྕེ་ལ་དམར་ལ་རྩུབ་པའམ་དྲེག་པ་དཀར་པོ་མཐུག་པོ་ཆགས་པ་སོགས་མངོན།

གཞོགས་འདེགས་བརྟག་དཔྱད།

   Xགློག་འོད་ལས་གློ་བའི་གཉན་ཚད་དང་སྙིང་ཤག་གཡས་ཕྱོགས་ཆེར་རྒྱས་པ། སྙིང་གི་པར་རིས་ལས་སྙིང་ཤག་གཡས་ཕྱོགས་ཆེར་རྒྱས་པའི་སྣང་ཚུལ་མངོན་པ། སྒྲ་བརྒལ་སྙིང་འཕར་མཚོན་རིས་ལས་སྙིང་ཤག་གཡས་ཕྱོགས་ནང་ངོས་ཀྱི་ཚངས་ཐིག་འཇལ་བ། ཁྲག་པྲ་ལས RBCདང་HGBཇེ་མཐོ་འགྲོ་བ།

འཁྲུལ་སོ་བསལ་བ།

   དབུགས་མི་བདེ་བ་དང་འཁྲུལ་སོ་བསལ་བ། སྙིང་ག་དང་རྩིབ་ལོག་བརྒྱངས་ཤིང་གཟེར་བ། ལྟོ་བ་སྦོ་ཞིང་དབུགས་རྒོད་པ་ལས་འཁྲུལ་སོ་སེལ་ནུས།

   རླུང་ནད་ཨ་ཝརྟ་དང་འཁྲུལ་སོ་བསལ་བ། ལུས་སྒུར་བོ་སྟེ་གཞུ་ལྟར་འགུགས་པར་བྱེད་པ་དང་། འཁུན་སྒྲ་འབྱིན་ཞིང་དྲན་པ་ཉམས་པ། མིག་ཧར་ཞིང་དབུགས་འབྱིན་དཀའ་བ་བཅས་ཀྱི་ན་ལུགས་ལས་འཁྲུལ་སོ་སེལ་ནུས་སོ། །

X