//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

ཁྲག་ཤས་ཆེ་བའི་སྟོད་འཚངས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 14:59:53 ཀློག་གྲངས། 56 

  ནད་ཀྱི་རྒྱུ་དང་མཚན་ཉིད་ལ་བལྟོས་ནས་བཏགས་པའི་ཁྲག་རླུང་འཐབ་པའི་ནད་ཀྱི་མིང་སྟེ། ལུས་ཀྱི་ངན་ཁྲག་རྣམས་ཁྱབ་རྒྱུའི་རླུང་འཁྲུགས་ནས་སྟོད་དུ་འཕུལ་བ་དང་། དབུགས་དང་རྩ་ལམ་འཚང་བ་ལ་ཟེར་ཏེ། རླུང་ཁྲག་གཉིས་ལས་ངན་ཁྲག་ཤས་ཆེ་བ།

རྒྱུ་རྐྱེན།

  རྒྱུ་ནི་ཐ་མལ་ལུས་ཀྱི་རླུང་དང་ཁྲག་ཡིན་ལ། ལུས་སེམས་འཁྲུགས་པའི་སྒོ་གསུམ་བྱ་བ་བྱས་པ་དང་། མེ་དང་ཉི་མས་དྲོས་ཆེ་བ་དང་། ཆང་མང་དུ་འཐུངས་བ། དྲག་ཤུལ་རྐྱེན་གྱིས་ཁྲག་ངན་ཁ་བསླངས་ཏེ། ཁྲག་ཤས་ཆེ་བའི་སྟོད་འཚངས་འདི་ལས་བྱུང་བའོ། །

ནད་རྟགས།

  མཆུ་དང་གདོང་སྨུག་པ་དང་མིག་རྩ་དམར་ལ་ནག་པ། སྐབས་སུ་སྐེ་བསྒྱུར་མི་ཤེས་མཇིང་བ་རེངས་པ་དང་། ངལ་དུབ་དང་དངངས་སྐྲག་བྱུང་བ། ལུས་འཁྱགས་པའི་སྐབས་དང་འགུལ་སྐྱོད་བྱས་པའི་རྗེས་སུ་འཚང་ནས་ཚིག་མི་ཐོན་པ། ཁྱད་པར་འཚངས་ཡང་གཟེར་ཧ་ཅང་ཆེ་བ་ཡིན།

   རོ་སྟོད་གཟེར་ལ་གཉིད་ཡེར་བ་དང་སེམས་འཚུབ་པ། བརྗེད་ངེས་ཆེ་ལ་མགོ་ཡུ་འཁོར་བ། ཐ་མར་སྙིང་དང་ཀླད་པ་མཁལ་མ་བཅས་ཀྱི་ནུས་པ་ཉམས་པས་ཁྲག་རླུང་སྨད་དུ་ལྷུང་ནས་འབམ་ནད་ཀྱི་རྟགས་སོགས་བྱུང་བའང་ཡོད།

   རྩ་རྒྱུད་སྟོང་ལ་རྒྱུགས་ཤིང་མཁྲང་བར་འཕར།

   ཆུ་མདོག་དམར་ལ་དྭངས་ཤིང་ལྦུ་བ་མེ་ལྕེ་མཆེད་པ་དང་འདྲ་བར་མྱུར་ཏུ་ཡལ།

   ལྕེ་དམར་སྨུག་དྲེག་པ་དཀར་ལ་དཀྱིལ་དུ་སེར་ནག་ཡིན་པ།

གཞོགས་འདེགས་བརྟག་དཔྱད།

  ཁྲག་གནོན་འཇལ་ཚེ་ཁྲག་རྩ་ཡི་འཁུམ་འདུའི་གནོན་ཤུགས་140MMHgདང་བརྐྱོང་ཤེད་གནོན་ཤུགས་80MMHgཡིན། ཁྲག་ལ་དཔྱད་ཚེ་དེ་ཡི་སྣུམ་རིགས་རྫས་མཐོ་བ་དང་ཁྲག་ཅུང་གར་བ། ཁྲག་རིལ་དམར་པོ་དང་ཁྲག་རྩི་ཡི་ཚད་མཐོ་བ། ཁྲག་གི་མཁྲིས་ཟུངས་ཕྲུན་དང་ཁྲག་ཧྭགས། ཁྲག་གཅིན་སྐྱུར་སོགས་ལ་བརྟག་པ།

འཁྲུལ་སོ་བསལ་བ།

  སྙིང་རླུང་གི་ནད་དང་འཁྲུལ་སོ་བསལ་བ། ལུས་འདར་ལ་སྟོད་བརྒྱངས་ཤིང་ཤེས་པ་འཁྲུལ་བ་དང་། སྨྲ་བ་འཆལ་ཤིང་མགོ་འཁོར་བ། གཉིད་ཆུང་ཤིང་ཤུ་འདེབས་པ་ལས་འཁྲུལ་སོ་སེལ་ནུས་སོ། །

  སྙིང་ནད་ཁྲག་གཟེར་དང་འཁྲུལ་སོ་བསལ་བ། ལྕེ་སྐམ་ཞིང་ཕུར་བ་བཙུགས་པ་ལྟར་དུ་གཟེར་བ། འབུར་ཚུགས་སུ་བལྟ་ཞིང་རྔམ་པ་རྒོད་ལ་ཞེ་འཁུན་བྱེད་པ།

X