//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

སྙིང་ནད་རླུང་གཟེར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 14:59:04 ཀློག་གྲངས། 89 

གསོ་ཐབས།

  གསོ་ཚུལ།

    སྙིང་གི་ནུས་པ་གསོ་བ་དང་རླུང་ཁ་གནོན་པ། ཟུག་གཟེར་འཇོམས་པ་དང་སྙིང་གི་འཕར་ཚུལ་སྙོམས་པ། རླུང་ཁྲག་གི་རྒྱུ་བ་བདེ་རུ་གཏོང་བ།

  བཅོས་ཐབས།  

  ཟས། གསར་བཅུད་འཇུ་སླ་བའི་ཟས་རིགས་བསྟེན་པ་ལས་ཇ་ལྟ་བའི་རྩུབ་པ་བསྟེན་དྲགས་པ་དང་བཅུད་མེད་ཁ་ཟས་ཡུན་ལ་བསྟེན་པ་སོགས་སྤང་དགོས།

  སྤྱོད་ལམ། སེམས་ལས་ཆེ་བ་དང་དགའ་དྲགས་པ་དང་སྡུགས་དྲགས་པ། ཆང་རག་འཐུངས་བ་སོགས་ཀྱིས་ནད་འདིར་ཕོག་ཐུག་གཏོང་བ་ཡིན། ཆམ་རིམས་དང་གློ་ནད་རྙིངས་བར་དོགས་དགོས།

  སྨན། སེམས་བདེ་དང་སྙིང་ཞོ་སུམ་ཐང་། ད་ལི་བཅུ་དྲུགསྲོགའཛིན་བཅུ་གཅིག་དང་ཙན་ཏན་སུམ་ཐང་ལྟག་སྤྲོད་བྱས་ནས་གཏོང་བ།

  དཔྱད། ཚིགས་པ་དྲུག་བདུན་དང་དཀར་ནག་མཚམས་སོགས་ལ་མེ་བཙའ་གདབ་པ་དང་སྐབས་སུ་བསྐུ་མཉེ་འོས་འཚམས་བྱས་ན་ཕན།

ཕན་འབྲས་ཚད་གཞི།

  སངས་དྲག

    གོང་གསལ་གྱི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

  སྐྱེད་ཆེ་བ།

    མིག་རྩ་རྒོད་པ་དང་ཁ་ལྕེ་སྐམ་ལ་རྩུབ་པ། བྲང་གཞུང་དང་ལུས་སྟོད་གཟེར་བ། ཟུག་གཟེར་རེ་ན་རེ་འཇགས་བྱེད་པ། སྙིང་གཡུག་པ་དང་དབུགས་ཀྱི་རྔམ་པ་ཐུང་ལ་ཆེ་བ། མགོ་ཡུ་འཁོར་བ་དང་ཟུག་གཟེར་ཡང་ཡང་ལྡང་བ་བཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་ཐ་མལ་དུ་ཚུད་པ།

   སྐྱེད་ཆུང་བ།

     ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

    སྐྱེད་མེད་པ།

     ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

X