//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དོན་སྣོད་གྱི་སྐོར། > ནང་དོན།

སྙིང་ནད་རླུང་གཟེར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 14:59:04 ཀློག་གྲངས། 77 

  རླུང་གི་ནང་གཟེར་ཁྱབ་བྱེད་རླུང་གི་རྒྱུ་བ་ཉམས་པའམ་འཁྲུགས་པ་སོགས་ལས་སྙིང་གི་རླུང་རྩའི་བྱེད་ལས་ཉམས་པའམ་ཡང་ན་རླུང་གི་མཚན་ཉིད་རྩུབ་པ་དང་། ཡང་གཡོ་སོགས་འཕེལ་བས་རླུང་རྩ་ཡི་བྱེད་ལས་མ་སྙོམས་པར་སྙིང་གི་ལྡང་ཚུལ་འཕྱོས་ནས་ཁྲག་རྒྱུ་མ་ཐུབ་པར་སྙིང་གི་བྱེད་ལས་ཉམས་པས་སྙིང་ལ་ཟུག་གཟེར་ཡང་ཡང་ལྡང་བའི་ནད་ཅིག་རེད། །

རྒྱུ་རྐྱེན།

  སེམས་ལས་ཆེ་བ་དང་ཡང་ལ་རྩུབ་པའི་ཟས་སྤྱོད་བསྟེན་དྲགས་པ།

ནད་རྟགས།

  མིག་རྩ་རྒོད་པ་དང་ཁ་ལྕེ་སྐམ་ལ་རྩུབ་པ། བྲང་གཞུང་དང་ལུས་སྟོད་གཟེར་བ། ནད་དེ་ནི་རླུང་འཁྲུགས་པ་ཡིན་པས་ཟུག་གཟེར་ཡང་རེ་ན་རེ་འཇགས་པར་བྱེད་པ།

  སྙིང་གཡུག་པ་དང་དབུགས་ཀྱི་རྔམ་པ་ཐུང་ལ་ཆེ་བ། མགོ་ཡུ་འཁོར་བ་དང་ཟུག་གཟེར་དྲག་པོ་ཡང་ཡང་ལྡང་བ། སེམས་ལས་ཆེ་བ་དང་དགའ་དྲགས་པ་དང་སྡུག་དྲགས་པ། ཆང་རག་འཐུངས་བ་སོགས་ལས་ནད་འདིར་ཕོག་པ་ཡིན།

  རྩ་རྒྱུད་ཅུང་སྟོང་ལ་རྒྱུག་པ་ཡིན།

  ཆུ་དམར་སེར་དྭངས་ལ་སྦུ་བ་ཆེ་བ་ཡིན།

  ལྕེ་དམར་ཞིང་སྐམ་ལ་རྩུབ་པ།

གཞོགས་འདེགས་བརྟག་དཔྱད།

  སྙིང་གི་པར་རིས་ལས་དོན་གྱི་སྟེང་གི་གནས་ངེས་ཅན་དུ་ཟུངས་ཁྲག་ཟད་པ་དང་རྩ་་ཡི་རྒྱུ་ལམ་འགག་པའམ་སྐབས་སུ་འཆོལ་བ་སོགས་བྱུང་བ། Xལས་སྙིང་གཟུགས་ཆེར་རྒྱས་སམ་གློ་ཁྲག་རྒྱས་པ་མངོན་པ་དང་། ན་བའི་གནས་དང་། རང་བཞིན་སོགས་སྙིང་གི་ཁྲག་གཟེར་དང་མཚུངས་པ། མི་འདྲ་བ་ནི་དུས་ཡིན་ཐུང་ངུའི་ནང་དུ་ནད་ལྡང་བའི་ལན་གྲངས་ཇེ་མང་ཡིན་པ། ངལ་གསོ་བའི་དུས་རྩོལ་བ་ཡང་མོའི་ཀྱང་ནད་གཞི་སློང་བ། དེའི་རྟགས་སུ་STདུམ་ཚན་ཇེ་མཐོ་ཡིན་པ།

འཁྲུལ་སོ་བསལ་བ།

  སྙིང་རླུང་དང་འཁྲུལ་སོ་བསལ་བ། སྙིང་རླུང་ལུས་འདར་སྟོད་བརྒྱངས་ཤེས་པ་འཁྲུལ་བ། སྨྲ་བ་འཆལ་བ། མགོ་འཁོར་གཉིད་ཆུང་ཤུ་འདེབས་པ་ལས་འཁྲུལ་སོ་སེལ་ནུས།།

  རླུང་ཤས་ཆེ་བའི་སྟོད་འཚངས་དང་འཁྲུལ་སོ་བསལ་བ། མགོ་དང་མིག་རུས་སོ་དང་མུར་འགྲམ་སྒྲོག་རུས་དང་དཔྱི་རྐེད་རྐང་ངར་ཚིགས་གཞི་ན་བ། གྲང་ཤུམ་བྱེད་ཅིང་ལུས་རྔུལ་ཕྲུམ་སེར་ཁྱེར་བ། གཉིད་མེད་པ་དང་གཡལ་འདར་དང་མེ་དང་ཉི་མ་འདོད་པ། ཁོང་བ་སྟོང་ཞིང་གྲང་ལ་སྙིང་མི་དགའ་བ་དང་ཁྱད་པར་དུ་རླུང་ཤས་ཆེ་བས་སྟོད་དུ་འཚངས་བས་འཁྲུལ་སོ་སེལ་ནུས།།

X