//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཚ་བ་གཉན་རིམས་སྐོར། > ནང་དོན།

མཁྲིས་པ་རྩར་རྒྱུག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 11:09:04 ཀློག་གྲངས། 30 

མཁྲིས་པ་རྩ་རྒྱུག་ནི་མཁྲིས་ཚད་ཕྱི་རྔུལ་གྱི་སྒོར་ཞུགས་པ་དང་། ནང་དུ་མཆིན་མཁྲིས་དོན་སྣོད་གཉིས་ལ་བབས་ནས་རང་ས་ལས་མི་འདུག་ཅིང་མཁྲིས་པ་རྩ་མིག་ཀུན་ཏུ་རྒྱུ་བའི་ནད་དོ། །

རྒྱུ་རྐྱེན།

      མཆིན་ནད་ལྡེམ་བུ་དུས་ལྟར་མ་བཅོས་བ་དང་། ཆང་དང་། ལུག་ཤ མར་རྙིང་། ཤ་རྙིང་སོགས་རོ་སྐྱུར་ལ་ཚ་བ། མར་རྙིང་ལྟ་བུ་ཟས་སྐོམ་སྣུམ་བག་ཅན་བསྟེན་དྲགས་པ། འཁྲུགས་ལས་ཆེས་དྲགས་པ། ལུས་ཁམས་ལ་ཚ་གྲང་འཐབ་པ་སོགས་དང་། འགོས་ཁྱབ་སྒོས་ནད་འདི་ཕོག་པ་རེད།

ནད་རྟགས།

       ཟས་ཀྱི་དང་ག་འགགས་པ་དང་། སྒྱིད་པ་སྐྱུར་པ། སྐྱུགས་མེར་ལངས་ནས་སྐྱུག་ལྡང་བྱེད་པ། མགོ་དང་ཚིགས་གཞི་ན་བ། གྲང་ཤུམ་བྱེད་པ། ཚ་དྲོད་རྒྱག་པ། ལུས་ཐང་ཆད་པ།

       ཁ་ཏིག་ཁ་བ། མིག་སྤྲིན་དང་། ལྕེ་འོག མུར་གོང་བཅས་ཀྱི་ཤ་མདངས་སེར་པོ་ཆགས་པ། སེན་མོ་དང་། སོ་རྙིལ། ལྕེ་མཆུ་སོགས་ཀྱི་ཁ་དོག་དཀར་སེར་ཆགས་པ། མགོ་བོ་གཟེར་བ། ལྷག་པར་མཆིན་མཁྲིས་ཀྱི་རྒྱུད་དུ་ན་ཞིང་གནོན་ཟུག་མངོན་གསལ་ཅན་ཡོད་པ། ད་དུང་མཆིན་པ་ཆེར་རྒྱས་པ་སོགས་ཀྱི་མངོན་ཚུལ་ཡོད་པ།

      འཕར་རྩའི་རྒྱུ་བ་སྟོང་ཞིང་མྱུར་པ།

        དྲི་ཆུའི་མདོག་མར་ནག་དང་འདྲ་པར་བཤང་བ་དཀར་པོ་ཆགས་པ།

      ལྕེ་མདོག་དཀར་སེར་ཆགས་པར་ཁ་ཏིག་ཁ་བ།

གཞོགས་འདེགས་བརྟག་དཔྱད།

ཁྲག་པྲ་ལསTBILདངDBILགཉིས་རྒྱུན་གྲངས་ལས་བརྒལ་བ། མཆིན་པའི་ནུས་པ་ལས་

ALTདངASTསོགས་ཇེ་མཐོར་ཡིན་པ། Bསྒྲ་བརྒལ་ལས་མཆིན་པའི་ཆེ་ཆུང་དང་། དབྱིབས། མཆིན་པའི་སྟེང་དུ་སྐྲན་རིགས་ཡོད་མེད། མཁྲིས་པའི་ཆེ་ཆུང་དང་། མཁྲིས་སྦུག་ནང་དུ་རྡོ་སྐྲན་ཡོད་མེད། མཆེར་བ་ཆེར་སྐྲངས་ཡོད་མེད་སོགས་ལ་བརྟག་ནས་ངོས་འཛིན་བྱེད་དགོས། Xགློག་འོད་ལས་མཁྲིས་སྦུག་དུ་རྡོ་སྐྲན་ཡོད་མེད་དང་མཁྲིས་སྦུག་ཆེར་རྒྱས་ཡོད་མེད་སོགས་ལ་བརྟག་དཔྱད་ལེགས་པོ་བྱེད་ཐུབ། གཅིན་ལས་གཅིན་མཁྲིས་ཁུངས་ཇེ་མང་དུ་སོང་ཡོད་པ།

འཁྲུལ་སོ་བསལ་བ།

       མཁྲིས་ཚད་དང་འཁྲུལ་སོ་བསལ་བ། མཁྲིས་པའི་ཕྱི་ཡུལ་མིག་དང་པགས་པ་སོགས་སེར་པོ་གྱུར་བར་མགོ་བོ་ན་བ། སྐྱུགས་མེར་བྱེད་ཅིང་སྒྱིད་ལུག་པ། དལ་བར་བསྡད་ཚེ་བདེ་བར་ཁ་ཁ་ཞིང་སྐོམ་དད་ཆེ་བ། མགོ་ལུས་ཁྱབ་པར་སེར་བའམ་དང་ག་ཐོམ་གྱིས་འགགས་པ། སྙིང་མི་དགའ་བ་བཅས་ཀྱི་མངོན་ཚུལ་ཡོད་པ།

       མཁྲིས་པ་མིག་སེར་དང་འཁྲུལ་སོ་བསལ་བ། མཁྲིས་པ་མིག་སེར་ནད་ནི་ལུས་ཐང་ཆད་པར་རྔུལ་ཁ་སྙི་བ། ལུས་པོའི་ཉམས་སྟོབས་ཆུང་བ། མིག་སྤྲིན་དང་སེན་མོ་སོགས་སེར་བར་མིག་རུས་ན་བ། ཁ་ཟས་ཡི་ག་ཞན་པར་སྐོམ་དད་ཆེ་བ། སྐྱུགས་མེར་བྱེད་པ་བཅས་ཀྱི་ན་ལུགས་ཡོད་པ།

གོང་ངོས། འབྲུམ་བུ།
X