//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཚ་བ་གཉན་རིམས་སྐོར། > ནང་དོན།

ཆམ་རིམས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 10:54:24 ཀློག་གྲངས། 24 

  མི་གཙང་བའི་ཟས་དང་སྤྱོད་ལམ་ལོག་པ་དང་།  ཁ་རླངས་སོགས་བརྒྱུད་དེ་གཅིག་ནས་གཅིག་དུ་འགོ་བའི་ཆམ་པའི་རིགས་ཤིག་ལ་ཟེར།

རྒྱུ་རྐྱེན།

  མི་གཙང་བའི་ཁ་ཟས་དང་། སྤྱོད་ལམ་ལོག་པ་འདྲེས་པ་དང་། སྣ་བུག་གཡས་གཡོན་གཉིས་ནས་རྩ་རོ་རྐྱང་གཉིས་ལ་མི་གཙང་བའི་གྲིབ་ཕོག་པ་དང་གདོན་སོགས་ཀྱི་རྐྱེན་ལས་བྱུང་བ་ཡིན།

ནད་རྟགས།

  ལུས་ཤེད་ཉམས་པ་དང་། སྒྱིད་ལུག་པ། ཡི་ག་མེད་པ། འཇུ་སྟོབས་ཞན་པ། མགོ་དང་ཚིགས་གཞི་ན་བ། སྣ་ཆུ་འཛག་པ། གློ་ལུ་བ་བཅས་ཀྱི་ནད་རྟགས་མངོན།

  གློ་ལུ་བ། རོ་སྟོད་མི་བདེ་བ། བརླ་དང་རྐེད་པ་བརྡུངས་སྙམ་བྱེད་པ། ཁ་ཏིག་ཁ་བ། གྲང་ཤུམ་བྱེད་པ། རྨི་ལམ་ཟ་ཟི་མང་བ།

  འཕར་རྩའི་རྒྱུ་བ་ཕྲ་ལ་གྲིམས་ཤིང་མགྱོགས་པ།

  ཆུ་མདོག་དམར་སེར་ཅན།

  ལྕེ་མདོག་དམར་འཇམ་དྲེག་པ་དཀར་སྲབ་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

  ཁྲག་པྲ་ལས་ཕྲ་ཕུང་དཀར་པོའི་ཚད་རྒྱུན་ལྡན་ལས་དམའ་བ། རྨེན་བུ་ཕྲ་ཕུང་གི་ཚད་མཐོ་བ།

  མིད་པའི་གཤེར་རྫས་ལས་ནད་དུག་དབྱེ་འབྱེད་བྱེད་པ། ལུས་དྲོད་ནད་སྟོབས་དང་བསྟུན་ནས་ཇེ་མཐོར་འགྲོ་བ། མགོ་བོ་ན་བ། གྲང་ཤུམ་བྱེད་པ་བཅས་ལ་བརྟག་དགོས།

འཁྲུལ་སོ་བསལ་བ།

  མ་སྨིན་ཚ་བ་དང་འཁྲུལ་སོ་བསལ་བ། ལུས་ཀྱི་དྲོད་མི་སྙོམས་པར་སྲོད་ལ་ཤ་དྲོད་ཆེ་བ་དང་། གཡལ་མང་ཞིང་སྒྱིད་པ་སྦྲིད་ཅིང་བྱ་རྨྱང་བྱེད་པ། ཁ་ཁ་ལ་མགོ་ན་བ། བྱིན་པའི་ཉྭ་དང་ཚིགས་གཞི་ན་བ། ལུས་ལ་གྲང་ཤུམ་བྱེད་པ།  མེ་དང་ཉི་མ་ལ་སྙེག་སྟེ་དགའ་སྣང་བྱེད་པ་དང་རྨི་ལམ་ཟ་ཟི་མང་ལ་སེམས་ལས་ཆེ་བ།

  གབ་ཚད་དང་འཁྲུལ་སོ་བསལ་བ། ཤེས་པ་ལྕི་བ། ངོ་སྣུམ་ཞིང་གཉིད་ལོག་པའི་རྗེས་ལ་ཁ་ལྕེ་སྐམ་པ་དང་ཁ་ཁ་ཞིང་དང་ག་མི་བདེ་ལ་སྐབས་སུ་རྔུལ་ཕྲན་བུ་འབྱུང་བ་དང་། ལུས་བྱིངས་ལྕི་ལ་མིག་དམར་ཞིང་མགོ་ཡང་ལྕི་ལ་སྣ་ཁྲག་འཛག་པ་དང་། ནུབ་མོ་གཉིད་ཆུང་ལ་ཉིན་པར་གཉིད་ཆེ་བ་དང་། མེ་དང་ཉི་མས་ཕོག་ན་ཁམས་ལྕི་ཞིང་གྱེན་ལ་ཕྱིན་ན་ལྷག་པར་ངལ་བ་དང་། བསིལ་དྲགས་པ་དང་དྲོས་དྲགས་པ་གཉིས་ཀ་གནོད་པར་ཚོར་རོ།

གོང་ངོས། རྙོགས་ཚད།
X