//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཁོང་ནད་ཀྱི་སྐོར། > ནང་དོན།

ལྒང་པའི་རྡེའུ་སྐྲན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 17:27:01 ཀློག་གྲངས། 62 

   ལྒང་པའི་རྡེའུ་སྐྲན་ནི་དངས་མ་མ་ཞུ་ལྒང་བའི་རྩ་མིག་དུ་འགྲིམས་པ་ཆུའི་དྲོད་ཀྱིས་བཙོས་ཤིང་རླུང་གིས་གོང་བུར་བསྒྲིལ་ཏེ་ལྒང་བའི་གནས་སུ་རྡེའུར་འགྱུར་བའི་ནད་ཞིག་ཡིན།

རྒྱུ་རྐྱེན།

  དྭངས་མ་མ་ཞུ་བ་དེ་ལྒང་བའི་རྩ་མིག་ཏུ་འགྲིམས་པ།

ནད་རྟགས།

  ཆུ་ཁ་སྙི་ཞིང་ཚ་ཙག་བྱེད་པ་དང་། དྲི་ཆུ་བཏང་བའི་སྒྲ་བརྒལ་ལ་གློ་བུར་འགགས་པ། རྒྱུ་ཞབས་དང་མཁལ་རྐེད་སྦྲགས་ནས་ན་ཟུག་གཏོང་བ།

  ཟུག་གཟེར་ཤིན་ཏུ་ཆེ་ཞིང་། རྟ་བཞོན་པ་དང་དྲག་ཤུལ་གྱི་ལས་ཀ་བྱས་རྗེས་དྲི་ཆུ་ཁྲག་ལྟར་དམར་པོ་འོང་བ། ནད་དེ་བྱིས་པ་དང་དར་མ་ལ་མང་།

  རྩ་ནི་ཞན་ཅིང་ཞར་བར་འཕར།

  ཆུ་མདོག་དམར་ལ་ཀུ་ཡ་མཐུག་པོ་ཆགས་པ།

  ལྕེ་མདོག་སྐྱ་སེར་མདངས་མེད་པ།

གཞོགས་འདེགས་བརྟག་དཔྱད།

  གཅིན་པྲ་ལས་ཕྲ་ཕུང་དམར་པོ་དང་ཕྲ་ཕུང་དཀར་པོ་བརྟག་ཐུབ་པ། ལྒང་བའི་ཐད་དུ་Xགློག་འོད་ལ་བརྟག་ན་རྡེའི་སྐྲན་གྱི་གྲིབ་གཟུགས་མཐོང་ཐུབ། ལྒང་ཤེལ་ལས་རྡེའི་སྐྲན་གྱི་ཆེ་ཆུང་དང་། མང་ཉུང་ལ་ཐད་ཀར་དུ་བརྟག་དཔྱད་བྱེད་ཐུབ། Bསྒྲ་བརྒལ་ལས་རྡོའི་སྐྲན་གྱི་དབྱིབས་དང་། ཆེ་ཆུང་། མང་ཉུང་སོགས་གསལ་བོ་མཐོང་ཐུབ་པ།

འཁྲུལ་སོ་བསལ་ཐབས།

  མཁལ་མའི་རྡོ་སྐྲན་དང་འཁྲུལ་སོ་བསལ་བ། མཁལ་མའི་རྡོ་སྐྲན་དང་ན་ཟུག་ལྡང་ཚུལ་འདྲ་མོད་མཁལ་མའི་རྡོ་སྐྲན་ལ་ལུས་ཁམས་འཁྱག་རྗེས་མཁལ་སྟེང་དུ་ན་ཟུག་དྲག་དུ་ལྡང་ཞིང་གདོང་དང་མིག་ལྕིབས་སྐྲངས་བ། ལྒང་བའི་རྡོ་སྐྲན་ལ་རྒྱུ་ཞབས་དང་སྣེ་ཁུད་དུ་ན་ཟུག་དྲག་དུ་ལྡང་ཞིང་གཅིན་པ་ཡོང་བའི་སྒྲ་བརྒལ་ལ་གློ་བུར་འགགས་པ།

X