//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཁོང་ནད་ཀྱི་སྐོར། > ནང་དོན།

མཁལ་མའི་རྡེའུ་སྐྲན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 17:23:17 ཀློག་གྲངས། 158 

   དེ་ཡང་དྭངས་མ་མ་ཞུ་བར་མཁལ་མའི་རྩ་མིག་འགྲིམས་པ་ཆུ་ཡི་དྲོད་ཀྱིས་བཙོས་ཤིང་བསྒྲིལ་ཏེ་རྡེའུར་གྱུར་བའི་ནད་དོ། །

རྒྱུ་རྐྱེན།

  རོ་མངར་ཞིང་ནུས་པ་ལྕི་ལ་བསིལ་པའི་ཟས་སྐོམ་རིགས་བསྟེན་དྲགས་པ་དང་། རླན་གཤེར་གྱི་ཡུལ་དུ་ཡུན་རིང་བསྡད་དྲགས་པ་སོགས་ཀྱིས་སློང་བའོ། །

ནད་རྟགས།

  ལུས་ཁམས་འཁྱགས་པ་དང་དྲག་ལས་རྣམས་ཀྱིས་མཁལ་རྐེད་དུ་ན་ཟུག་ལྡང་བ།

  གདོང་དང་མིག་ལྕིབས་སྐྲངས་པ།

  རྩའི་རྒྱུ་བ་གྲིམས་ལ་མཁྲང་བར་འཕར།

  ཆུའི་མདོག་དམར་སེར་ལ་ཀུ་ཡ་ལྡན་པ་ཡིན།

  ལྕེ་མདོག་སྐྱ་སོབ་ཅན་དུ་འགྱུར་བ།

གཞོགས་འདེགས་བརྟག་དཔྱད།

  Bསྒྲ་བརྒལ་ལས་མཁལ་མའི་གནས་གང་རུང་དུ་རྡེའུ་ཆགས་ཡོད་པ་མཐོང་ཐུབ། དེ་མིན་གཅིན་པྲ་ལས་LEU+++EYU+++དང་ཁྲག་པྲ་ལས་BUNGRཇེ་མཐོ་སོགས་མངོན་པ། བྱང་ཁོག་སྨད་དུ་Xགློག་འོད་ལ་བརྟག་ན་མཁལ་མའི་རྡེའུ་སྐྲན་ཕལ་ཆེར་མཐོང་ཐུབ་པ། འོན་ཀྱང་སྲིབས་གཤིས་རིགས་ཀྱི་རྡོ་སྐྲན་འབིགས་བརྟོལ་བྱེད་ཟིན་པས་མཐོང་མི་ཐུབ་པ་རེད། Xགློག་འོད་བརྙན་བཟོ་ལས་ཐུན་མིན་གྱི་གཅིན་འདྲེན་སྦུ་གུའི་རྡེའུ་སྐྲན་དེའི་དོག་གཤིས་དང་རྡེའི་སྐྲན་གང་རིགས་ཡིན་པ་གསལ་བོར་བརྟག་ཐུབ།

འཁྲུལ་སོ་བསལ་བ།

  ལྒང་བའི་རྡེའུ་སྐྲན་དང་འཁྲུལ་སོ་བསལ་བ། ལྒང་བའི་རྡོ་སྐྲན་ལ་འཆོལ་རྡེ་དང་ཟུག་རྡེ་གཉིས་ལས་འཆོལ་རྡེ་ནི་གཅིན་གཏོང་བའི་ཚེ་ཡང་རེས་འོང་རེས་མི་འོང་བ་སྟེ་བར་མཚམས་བཅད་ཅིང་འོང་བ། རྟ་ཞོན་པ་སོགས་དྲག་ཤུལ་གྱིས་ལུས་ལ་འཁྲུགས་ཤུགས་ཐེབས་པའི་རྗེས་ལ་གཅིན་པ་ཁྲག་ཅན་འཛག་པར་བྱེད་དོ། ཟུག་རྡེ་ནི་ལྒང་བའི་ཁ་ལ་རྡེའུ་ཟུག་ནས་དྲི་ཆུ་རྒྱུན་དུ་སྡོམ་སྟེ་གཏོང་མི་ཐུབ་པ་དང་རྡེའུ་དེ་ལྒང་བའི་ནང་ངོས་གཏིང་དུ་ཟུག་པའམ་འབྱར་ནས་གནས་ཚེ་ན་ཚ་དང་ཟུག་གཟེར་གཏོང་ཡང་། ཆུ་རྒྱུན་དུ་མི་འགགས་པར་བབས་ནུས་སོ། མཁལ་མའི་རྡོ་སྐྲན་ལ་ལུས་ཁམས་འཁྱགས་པ་དང་དྲག་ལས་རྣམས་ཀྱིས་མཁལ་རྐེད་དུ་ན་ཟུག་བཟོད་མེད་ལངས་བ། གདོང་དང་མིག་ལྕིབས་སྐྲངས་བ།

X