//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཁོང་ནད་ཀྱི་སྐོར། > ནང་དོན།

མཁྲིས་སྐྲན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 17:10:27 ཀློག་གྲངས། 113 

  མཁྲིས་སྐྲན་ནི་མཆིན་གནས་སུ་དྭངས་མ་མ་ཞུ་བ་སྣོད་ཀྱི་མཁྲིས་པའི་གནས་སུ་ལྷུང་ནས་འདྲིལ་བའི་སྐྲན་གྱི་མིང་།

རྒྱུ་རྐྱེན།

  ཤ་དང་ཚིལ་མར་འོ་མ་སོགས་སྣུམ་ལ་བཅུད་ཅན་མེ་དྲོད་ཀྱི་ཁ་ན་ལྕི་བའི་རིགས་ཡུན་རིང་བསྟེན་དྲག་པས་དྭངས་མ་མ་ཞུ་བར་མཆིན་གནས་ནས་མཁྲིས་པར་ལྷུང་ནད་འདྲིལ་བས་བསྐྱེད་པ།

ནད་རྟགས།

  ཤ་མདོག་སྔོ་ལ་སྐམ་ཞིང་གསུས་ཁོག་རྩིབས་མའི་རྒྱུད་དུ་རྟག་པར་ལྷང་ངེར་འདུག་སྙམ་སེམས་པ།

  མཁྲིས་གནས་སུ་ལྡང་དུབ་ཀྱིས་གཟེར་བ། མིག་ཕྲུམ་ན་ལ་སྐྱུགས་མེར་ལངས་བ། མིག་སྤྲིན་སེར་བོར་ཆགས་པ། བཤང་བ་སྐྱ་ལ་གསོབ་པ།

  གསུས་ཁོག་གཡས་སྟོད་དུ་རྩིབས་མའི་རྒྱུད་དུ་གནོན་གཟེར་ཡོད་པ། ལུས་ཀུན་ལ་ཟ་འཕྲུག་ལངས་བ།

  རྩ་རྒྱུད་ཞན་ལ་མཁྲིས་རྩ་ཞར་བ།

  ཆུ་མདོག་སེར་ལ་སྤྲིས་མ་དུམ་བུར་ཆད་པ།

  ལྕེ་དྲེག་སྐྱ་སེར་ཙམ་དུ་མངོན་པ།

གཞོགས་འདེགས་བརྟག་དཔྱད།

    Bསྒྲ་བརྒལ་ལས་མཁྲིས་པའི་ཆེ་ཆུང་དང་། མཁྲིས་སྦུག་ནང་དུ་རྡོ་སྐྲན་ཡོད་མེད་སོགས་ལ་བརྟག་ནས་ངོས་འཛིན་བྱེད་དགོས། Xགློག་འོད་ལས་མཁྲིས་སྦུག་དུ་རྡོ་སྐྲན་ཡོད་མེད་དང་མཁྲིས་སྦུག་ཆེར་རྒྱས་ཡོད་མེད་སོགས་ལ་བརྟག་དཔྱད་ལེགས་པོ་བྱེད་ཐུབ།

འཁྲུལ་སོ་བསལ་བ།

  རྒྱུ་ལྷག་དང་འཁྲུལ་སོ་བསལ་བ། ན་ཚུལ་རྒྱུ་ལྷག་དང་འདྲ་ཡང་ཞིབ་ཏུ་རྒྱུ་ལྷག་ནི་དཔྱི་ཟུར་གཡས་ཀྱི་ལྟེ་བའི་སར་སུམ་ཆའི་གཉིས་ཀྱི་ཐིག་གི་སྟེང་དུ་གནོན་གཟེར་དྲགས་ལ་རྩིབས་མའི་ཐད་དུ་མི་ན་བ་སོགས་ནོར་སོ་བསལ་ཆོག

  མཁྲིས་ཚད་དང་འཁྲུལ་སོ་བསལ་བ། མགོ་བོ་དང་མིག་རུས་ལྟག་པ་ན་བ། རོ་རྒྱབ་ཏུ་ཟུག་གཟེར་ལངས་བ། ཁྱད་པར་དུ་ཕྲག་པ་གཡས་གཟེར་ཞིང་མཁྲིས་པའི་ཡུལ་ཐིག་གི་སྟེང་དུ་གནོན་གཟེར་ཡོད་པ། ཁ་ཁ་བ། ཞེན་པ་ལོག་པ། སྐོམ་དད་ཆེ་བ། ལུས་དྲོད་ཆེར་རྒྱས་ཞིང་སྒྱིད་ལུག་པ།

གསོ་ཐབས།

  གསོ་ཚུལ།

  གཉན་ཚད་གཅོག་པ། མཁྲིས་སྐྲན་བཤིག་པ། སྐྲན་རོ་སྦྱོང་བ།

   བཅོས་ཐབས།

  ཟས། བ་ཡི་འོ་མ་དང་མར་གསར་བ། དེ་མིན་འབྲས་ཐུག་དང་རྩམ་ཐུག་སོགས་སྐྱ་བོའི་རིགས་དང་བསིལ་ཅན་བསྟེན་པ།

  སྤྱོད་ལམ། བསིལ་བག་ཏུ་རྩོལ་བཅག་རན་པར་བྱ་བ།

  སྨན། གར་ནག་བཅུ་བ། གསེར་ཏིགསྐྲན་འཇོམས། ཞི་བྱེད་ཉེར་དགུགསེར་མདོག་བཅུ་གཅིག་སོགས་མན་ངག་ཏུ་སྦྱོང་སྨན་ཤས་ཆེར་གཏོང་བར་གལ།

  དཔྱད། རུ་ཐུང་དང་མཁྲིས་རྩ་ཕྲན་བུ་གཉིས་ཅུང་ཟད་དུ་གཏར་རྗེས་དཔྱད་དུ་ཚིགས་པ་བརྒྱད་པར་མེ་ཡིས་གདབ།

ཕན་འབྲས་ཚད་གཞི།

  སངས་དྲག

   གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

  སྐྱེད་ཆེ་བ།

   ཤ་མདོག་སྔོ་ལ་སྐམ་ཞིང་གསུས་ཁོག་རྩིབས་མའི་རྒྱུད་དུ་རྟག་པར་ལྷང་ངེར་འདུག་སྙམ་སེམས་པ། མཁྲིས་གནས་སུ་ལྡང་དུབ་ཀྱིས་གཟེར་བ། མིག་ཕྲུམ་ན་ལ་སྐྱུགས་མེར་ལངས་བ། མིག་སྤྲིན་སེར་བོར་ཆགས་པ། བཤང་བ་སྐྱ་ལ་གསོབ་པ། གསུས་ཁོག་གཡས་སྟོད་དུ་རྩིབས་མའི་རྒྱུད་དུ་གནོན་གཟེར་ཡོད་པ། ལུས་ཀུན་ལ་ཟ་འཕྲུག་ལངས་བབཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།

  སྐྱེད་ཆུང་བ།

   ན་ལུགས་གཙོ་བོ་དེ་མ་ཞི་བ་དང་། ནད་རྟགས་འགའ་རེ་ཞི་ཡང་གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུར་འགྱུར་ལྡོག་ཆུང་བ།

  སྐྱེད་མེད་པ།

   ཕན་བསྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན།།

གོང་ངོས། མ་ཞུ་བ།
X