//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

བད་ཀན་མེ་ཉམས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 16:57:42 ཀློག་གྲངས། 49 

གསོ་ཐབས།

  གསོ་ཚུལ།

   ཕོ་བའི་མེ་དྲོད་གསོ།

  བཅོས་ཐབས།

  ཟས། ཆུ་སྐོལ། སྐམ་སའི་འབྲུ་རྙིང་དང་ཟན་དྲོན། ཆང་ནར་སྨིན་པ། སྒ་ཆུ། ལུག་དང་གཡག་རྒོད་ཀྱི་་སོགས་དྲོ་ཞིང་ཡང་ལ་རྩུབ་པའི་ཟས་རྣམས་འགྲངས་ཆེས་མ་ཡིན་པར་འཇུ་སླ་ཉུང་ཟད་བསྟེན།

  སྤྱོད་ལམ། དྲོ་བའི་གནས་སུ་རྩོལ་བཅག་བསྟེན་པར་བྱ།

  སྨན། རྒོད་མ་ཁའི་ཕྱེ་མ་དང་། མངོནསུམ་མེ་འདྲའི་སྦྱོར་བ། མན་ངག་རྒྱུད་ལས་གསུངས་པའི་སེ་འབྲུ་ཚ་བ་ལྔ་དང་བཟང་བོ་གསུམ། བྱི་ཏང་ག་དང་སྲུབ་ཀ་ཀ་རཉྫུ། རྒྱམ་ཚ་ཁ་རུ་ཚ་དང་བུ་རམ་སྦྱར་བ་བསྟེན། རྒྱམ་ཚ་ལ་ལ་ཕུད་དང་ཨ་ཟ་མོ། པི་པི་ལིང་དང་སྒ་རྣམས་རིམ་པས་བསྐྱེད་ལ་ཀུན་དང་མེ་མཉམ་པའི་ཨ་རུའི་ཐལ་སྨན་སྦྱར་བ་བཏང་། ཤིང་ཀུན་ཁ་རུ་ཚ་དང་ཚ་བ་གསུམ། སྒོག་སྐྱ་མར་རྙིང་རེང་བུས་མེ་དྲོད་བསྐྱེད། གཞན་ཕྱི་རྒྱུད་ཀྱི་སེ་འབྲུའི་སྦྱོར་བ། ཕྱི་རྒྱུད་ཀྱི་ད་ལིའི་སྦྱོར་བ། རྒྱམ་ཚྭ་དྲུག་སྦྱོར། སེ་འབྲུ་ཅུར་ནིས། བཅོ་ལྔ་དྲག་སྦྱོར། ཅོང་ཞི་འཕྲུལ་ཐལ། རྡོ་ཞུན་ཕྱེ་མ། ཚྭ་བསྲེག་སྦྱོར་བ་སོགས་བསྟེན།།

   དཔྱད། རྗེས་སུ་རྒྱབ་ཀྱི་ཚིགས་པ་བཅུ་གཉིས་པ་དང་། མདུན་གྱི་མེ་ཉམས་ཀྱི་གསང་ལ་མེ་བཙའ་གདབ་པ་བཅས་ཀྱིས་ཡུན་རིང་དུ་བཅོས་དགོས་སོ། ། རྒྱུད་ལུང་མན་ངག་སྤྱི་དང་ཁྱད་པར་རང་གི་མཐོང་རྒྱུད་ཕྱག་ལེན་ལྟར་བཅོས་པར་བྱ།

ཕན་འབྲས་ཚད་གཞི།

  སངས་དྲག

   གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

  སྐྱེད་ཆེ་བ།

   ལུས་ཀྱི་དྲོད་ཆུང་ཞིང་ཁ་ཟས་གང་ཡང་འཇུར་མི་འདོད་པ་དང་། ཕོ་བ་འཚིང་ཞིང་སྒྲེག་པ། ཁ་ཟས་རྣམས་མ་སྨིན་པར་ཐུར་དུ་འཁྲུ་བ་དང་། མེ་དྲོད་དང་ལུས་ཀྱི་སྟོབས་ཆུང་ཞིང་ཤ་སྐམ་པ་བཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་བ་དང་། རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།

  སྐྱེད་ཆུང་བ།

   ན་ལུགས་གཙོ་བོ་དེ་མ་ཞི་བ་དང་། ནད་རྟགས་འགའ་རེ་ཞི་ཡང་གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུར་འགྱུར་ལྡོག་ཆུང་བ།

  སྐྱེད་མེད་པ།

   ཕན་བསྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།།

X