//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

བད་ཀན་མེ་ཉམས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 16:57:42 ཀློག་གྲངས། 49 

   བད་ཀན་མེ་ཉམས་ཞེས་པ་ནི་ནད་ཁམས་གྲང་རླུང་ཤས་ཆེ་བའི་མི་ལ་ཁ་ཟས་འཇུ་དཀའ་བ་ཡུན་དུ་བསྟེན་པ་དང་། བསིལ་བའི་ཟས་སྨན་ཚད་ལས་ཐལ་བ་དང་། གོས་སྲབ་ཀྱིས་ལུས་གྲང་བ་དང་། རྒྱུན་དུ་ཆུ་ཡི་ལས་བྱས་པ་དང་། ནད་ཚད་པའི་གཞུག་ལ་བསིལ་སྨན་ཆེས་པ་དང་སྦྱོང་གཏར་ག་དྲགས་པ་བཅས་ཀྱིས་ཕོ་བའི་མེ་དྲོད་གསུམ་གྱི་མཐུ་ཉམས་པ་ལ་བད་ཀན་མེ་ཉམས་ཞེས་བྱ།།

རྒྱུ་རྐྱེན།

   བད་ཀན་མེ་མཉམ་ནི་གྲང་རླུང་ཤས་ཆེ་བ་ལ་ཁ་ཟས་བསིལ་ཕྱོགས་ཐལ་ཆེ་བ་དང་། ལུས་གྲང་བ། ཆུ་ཡི་ལས་མང་དུ་བྱས་པ། ཚ་བའི་ནད་ལ་སྦྱོངས་གཏར་དྲགས་པ་སོགས་བསིལ་སྦྱོར་ཐལ་ནས་མེ་དྲོད་ཉམས་པས་སློང་བ།།

ནད་རྟགས།

  ལུས་ཀྱི་དྲོད་ཆུང་ཞིང་ཁ་ཟས་གང་ཡང་འཇུར་མི་འདོད་པ་དང་། ཕོ་བ་འཚིང་ཞིང་སྒྲེག་པ། ཁ་ཟས་རྣམས་མ་སྨིན་པར་ཐུར་དུ་འཁྲུ་བ་དང་། མེ་དྲོད་དང་ལུས་ཀྱི་སྟོབས་ཆུང་ཞིང་ཤ་སྐམ་པ།

   རྩ་བྱིང་གུད་ཞན་པ་དང་།

  ཆུ་མདོག་དཀར་ཞིང་དྲི་དང་རླངས་པ་ཆུང་བ།

  ལྕེ་མདོག་སྐྱ་གླེག་མདངས་མེད་འཇམ་ལ་རློན།

གཞོགས་འདེགས་བརྟག་དཔྱད།

  ཕོ་ཤེལ་བརྟག་དཔྱད་ལས་ཕོ་བའི་ངོས་སུ་མ་ཞུ་བེ་སྣབས་ཆགས་པ་ཅུང་གསལ་བ་མངོན་ཐུབ་པ་དང་གསོན་པའི་ཕུང་གྲུབ་ཞིབ་བཤེར་ལས་ནད་ལུགས་བརྟག་ཐབས་ཤེས་ཐུབ་པ། ཞོར་དུ་དོན་སྒོ་དུང་འཁྱིལ་ནར་སྲིན་བརྟག་ཐུབ་པ།

འཁྲུལ་སོ་བསལ་ཐབས།

  ཕོ་རླུང་དང་འཁྲུལ་སོ་བསལ་བ། ཕོ་རླུང་སྦོ་ཞིང་སྟོང་སྒྲེག་བྱེད་པ་དང་། འབྲབ་པ་བཞིན་དུ་ན་ཞིང་སྟོང་སྐྱུགས་བྱེད་པ། ཡང་ན་སྒྲ་བཅས་འཁྲོག་ཅིང་འཁྲུ་བ་ལས་འཁྲུལ་སོ་སེལ།

   ཕོ་བའི་བད་ཀན་དང་འཁྲུལ་སོ་བསལ་བ། ཟས་རྗེས་རྔུལ་གྲང་ན་བ། ཟས་ལ་འཁྲེན་ཞིང་འབྱར་བག་སྐྱུགས་པ་ལས་འཁྲུལ་སོ་སེལ་།།

X