//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

མཁྲིས་པ་མིག་སེར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 16:21:34 ཀློག་གྲངས། 30 

   མཁྲིས་པ་མིག་སེར་ནི་མཁྲིས་ནད་རྩ་རྒྱུག་གྱི་ཁོངས་གཏོགས་ཏེ་ཟས་སྤྱོད་ལོག་པ་ལས་སྣོད་མཁྲིས་ཀྱི་ཁ་ལུད་དེ་མིག་སྤྲིན་སེར་བོར་ཆགས་པའི་ནད་ཅིག

  སློང་རྐྱེན།

  ཆང་བཟང་པོ་དང་ཤ་ཁུ། སྣུམ་རྙིང་དང་ཟས་སྐོམ་སྣུམ་བཅུད་བསྟེན་ཆེ་བ་དང་། སྤྱོད་ལམ་དྲག་ཤུལ། མེ་དང་ཉི་མས་དྲོས་ཆེ་བ་སོགས་ཀྱིས་སློང་བ།།

ནད་རྟགས།

  མིག་སྤྲིན་དང་སེན་མོ་གཉིས་ཀྱི་མདོག་སེར་ལ་ལུས་རྔུལ་ཞིང་ཉམས་ཆུང་བ་དང་། ཁོང་བ་ཚ་ལ་མིག་རུས་ན་བ་དང་། ཟས་ཀྱི་རིགས་ཡི་གར་མི་འོང་ཞིང་སྐྱུགས་སྙམ་བྱེད་པ་དང་སྐོམ་དད་ཆེ་ལ་ཁྱད་པར་དུ་མིག་སྔར་ཁ་དོག་སྔོ་དམར་མཐོང་བ་རྣམས་འབྱུང་བ།

  རྩ་རྒྱུད་ཕྲ་ཞིང་གྲིམས་ལ་མགྱོགས་པར་འཕར་བ།

  ཆུ་སེར་ལ་རླངས་ཆེ་དྲི་མ་དུགས་པ། ཝུ་བ་ཕྲ་སེར་སངས་སྐྱེན་པ།

  ལྕེ་བད་ཀན་སྐྱ་སེར་མཐུག་པོས་གཡོག་པ།

གཞོགས་འདེགས་བརྟག་དཔྱད།

         ཁྲག་པྲ་ལསTBILདངDBILགཉིས་རྒྱུན་གྲངས་ལས་བརྒལ་བ། མཆིན་པའི་ནུས་པ་ལསALT

དང་ASTསོགས་ཇེ་མཐོར་ཡིན་པ། Bསྒྲ་བརྒལ་ལས་མཆིན་པའི་ཆེ་ཆུང་དང་། དབྱིབས། མཆིན་པའི་སྟེང་དུ་སྐྲན་རིགས་ཡོད་མེད། མཁྲིས་པའི་ཆེ་ཆུང་དང་། མཁྲིས་སྦུག་ནང་དུ་རྡོ་སྐྲན་ཡོད་མེད། མཆེར་བ་ཆེར་སྐྲངས་ཡོད་མེད་སོགས་ལ་བརྟག་ནས་ངོས་འཛིན་བྱེད་དགོས། Xགློག་འོད་ལས་མཁྲིས་སྦུག་དུ་རྡོ་སྐྲན་ཡོད་མེད་དང་མཁྲིས་སྦུག་ཆེར་རྒྱས་ཡོད་མེད་སོགས་ལ་བརྟག་དཔྱད་ལེགས་པོ་བྱེད་ཐུབ།

འཁྲུལ་སོ་བསལ་ཐགས།

   མཁྲིས་པ་ཤ་སེར་དང་འཁྲུལ་སོ་བསལ་བ་ནི། མཁྲིས་པ་ཤ་སེར་ནི་ཤེད་ཆུང་ལ་གཉིད་མི་ཐུབ་པ། ལུས་ལྕི་ཞིང་ཞོ་དང་དར་བ་ཆུ་སོགས་གང་ཡང་རོ་ཁ་བ། ཤ་མདོག་སེར་ལ་རྫས་དཀར་སེར་པོར་མཐོང་བ། སྔ་དྲོ་དང་བསིལ་བའི་དུས་སུ་བདེ་ལ་ཉིན་གུང་དྲོ་བའི་དུས་སུ་ན་བས་འཁྲུལ་སོ་བསལ་ལོ།

X