//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

མཁྲིས་པ་ཤ་སེར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 16:17:50 ཀློག་གྲངས། 30 

   མཁྲིས་པ་ཤ་སེར་ནི་ཟས་དང་སྤྱོད་ལམ་གྱིས་མཁྲིས་པ་འཕེལ་ཏེ་རྩ་མིག་ཏུ་བྱེར་ནས་ཤ་མདོག་སེར་བོར་འགྱུར་བའི་མཁྲིས་ནད་ཀྱི་མིང་།།

རྒྱུ་རྐྱེན།

  ཆང་བཟང་པོ་དང་ཤ་ཁུ། སྣུམ་རྙིང་དང་ཟས་སྐོམ་སྣུམ་བཅུད་བསྟེན་ཆེ་བ་དང་། སྤྱོད་ལམ་དྲག་ཤུལ། མེ་དང་ཉི་མས་དྲོས་ཆེ་བ་སོགས་ཀྱིས་སློང་བ།།

ནད་རྟགས།

  ཤེད་ཆུང་ཞིང་གཉིད་ཆེ་བ་དང་། ལུས་ལྕི་ཞིང་ཞོ་དང་དར་བ་ཆུ་སོགས་གང་ཡང་ཁ་བ། ཤ་མདོག་སེར་ལ་རྫས་དཀར་མཐོང་ཚེ་སེར་བོར་སྣང་བ། སྔ་དྲོ་དང་བསིལ་བའི་དུས་སུ་བདེ་ལ། ཉིན་གུང་སོགས་དྲོད་ཞུགས་པའི་དུས་སུ་ན་བ།

  རྩ་རྒྱུད་ཕྲ་ཞིང་གྲིམས་ལ་མགྱོགས་པར་འཕར་བ།

  ཆུ་སེར་ལ་རླངས་ཆེ་དྲི་མ་དུགས་པ། ཝུ་བ་ཕྲ་སེར་སངས་སྐྱེན་པ།

  ལྕེ་བད་ཀན་སྐྱ་སེར་མཐུག་པོས་གཡོག་པ།

  གཞོགས་འདེགས་བརྟག་དཔྱད།

      ཁྲག་པྲ་ལསBILདངDBILགཉིས་རྒྱུན་གྲངས་ལས་བརྒལ་བ། མཆིན་པའི་ནུས་པ་ལསALT

དངASTསོགས་ཇེ་མཐོར་ཡིན་པ། Bསྒྲ་བརྒལ་ལས་མཆིན་པའི་ཆེ་ཆུང་དང་། དབྱིབས། མཆིན་པའི་སྟེང་དུ་སྐྲན་རིགས་ཡོད་མེད། མཁྲིས་པའི་ཆེ་ཆུང་དང་། མཁྲིས་སྦུག་ནང་དུ་རྡོ་སྐྲན་ཡོད་མེད། མཆེར་བ་ཆེར་སྐྲངས་ཡོད་མེད་སོགས་ལ་བརྟག་ནས་ངོས་འཛིན་བྱེད་དགོས། Xགློག་འོད་ལས་མཁྲིས་སྦུག་དུ་རྡོ་སྐྲན་ཡོད་མེད་དང་མཁྲིས་སྦུག་ཆེར་རྒྱས་ཡོད་མེད་སོགས་ལ་བརྟག་དཔྱད་ལེགས་པོ་བྱེད་ཐུབ།

འཁྲུལ་སོ་བསལ་ཐབས།

  མཁྲིས་པ་མིག་སེར་དང་ནོར་ཉེན་ཆེ་ཡང་མཁྲིས་པ་མིག་སེར་དེ་མིག་སྤྲིན་དང་སེན་མོ་སེར་ལ། ལུས་རྔུལ་ཞིང་ཉམ་ཆུང་བ་དང་ཁོང་ཚ་བ། མིག་རུས་ན་བ་དང་ཁ་ཟས་ཡི་གར་མི་འོང་ལ་སྐོམ་དད་ཆེ་བ། སྐྱུག་སྙམ་བྱེད་པ་དང་མིག་སྔར་སྔོ་དམར་མཐོང་བ་སོགས་ཀྱིས་མི་འཁྲུལ་ལོ།

གོང་ངོས། གྲང་མཁྲིས།
X