//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

གྲང་མཁྲིས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 15:39:02 ཀློག་གྲངས། 79 

གསོ་ཐབས།

     གསོ་ཚུལ།

     མ་ཞུ་བ་དང་བད་ཀན་རླུང་བཅས་ལས་གང་གིས་མཁྲིས་ཡུལ་འཕྲོག་པ་དེ་གཙོ་བོར་གསོ།

       བཅོས་ཐབས།

     ཟས། ཟས་སུ་བ་ར་མཛོ་རྣམས་ཀྱི་མར་གསར་དང་ལུག་ཤ་གསར་བ། ཉ་ཤ་དང་ཤ་རྙིང་སྐམ་པོ། ཟན་དྲོན་སོགས་ཟས་སྐོམ་གསར་འཇམ་གྱི་རིགས་བསྟེན་པ།

     སྤྱོད་ལམ། སྐམ་ལ་དྲོ་བའི་གནས་སུ་རྩོལ་བཅག་རན་པར་བྱ་བ།

     སྨན། གར་ནག་བཅུ་པ་དང་། གསེར་མདོག་ལྔ་བ། གསེར་མདོག་བདུན་པ་སོགས་ཐུན་བབས་སུ་བསྟེན་དགོས།

     མཁྲིས་གསང་དང་མེ་མཉམ་གསང་ལ་མེ་བཙའ་འཇོག་པ།

ཕན་འབྲས་ཚད་གཞི།

     སངས་དྲག  

      གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

     སྐྱེད་ཆེ་བ།

མེ་དྲོད་དང་འཇུ་སྟོབས་ཆུང་ལ་བཤང་བ་དཀར་བ་དང་མིག་སྤྲིན་སེར་བ་བཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་བ། རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།

     སྐྱེད་ཆུང་བ།

ན་ལུགས་གཙོ་བོ་དེ་མ་ཞི་བ་དང་། ནད་རྟགས་འགའ་རེ་ཞི་ཡང་གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུར་འགྱུར་ལྡོག་ཆུང་བ།

     སྐྱེད་མེད་པ།

       ཕན་བསྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།།
གོང་ངོས། ཚ་མཁྲིས།
X