//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

གྲང་མཁྲིས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 15:39:02 ཀློག་གྲངས། 78 

གྲང་མཁྲིས་ནི་བད་རླུང་གྲང་བ་དང་མ་ཞུ་བ་འཇུ་བྱེད་མཁྲིས་པའི་གནས་སུ་ཞུགས་ནས་མཁྲིས་ཡུལ་འཕྲོག་པའི་ནད་ཀྱི་མིང་།

རྒྱུ་རྐྱེན།

     ནུས་པ་ལྕི་བསིལ་སྣུམ་པའི་རིགས་བསྟེན་དྲགས་པས་ཕོ་བའི་མེ་དྲོད་ཉམས་ཤིང་བད་རླུང་གྲང་བ་དང་མ་ཞུ་བ་བཅས་ཀྱིས་མཁྲིས་ཡུལ་འཕྲོག་པ།

ནད་རྟགས།

     མེ་དྲོད་དང་འཇུ་སྟོབས་ཆུང་ལ་བཤང་བ་དཀར་བ་དང་མིག་སྤྲིན་སེར་བ།

     རྩ་བྱིང་རྒུད་དལ་བ།

     དྲི་ཆུ་སེར་ལ་རླངས་པ་ཆུང་ཞིང་ཀུ་ཡ་སྲབ

     ལྕེ་སྐྱ་གླེག་མདངས་མེད་འཇམ་ལ་རློན་པའམ་དམར་ཞིང་སྐམ་ལ་རྩུབ་པ།

གཞོགས་འདེགས་བརྟག་དཔྱད།

     བྱང་ཁོག་ཚོན་པྲ་དངBསྒྲ་བརྒལ་ལས་སྣོད་མཁྲིས་གྱི་ཞེང་ཚད་ལ་ལིའི་རྨིད༥ལས་ཆེ་བའམ་མཚུངས་བར་མངོན། ལྡེབས་སྐྱིའི་མཐུག་ཚད་དུ་ལིའི་རྨིད༣ ཆུང་བའམ་མཚུངས་བར་མངོན།

འཁྲུལ་སོ་བསལ་བ།

     ནད་འདི་གཙོ་བོ་མ་ཞུ་བད་རླུང་ལས་གྱུར་བས་ན་གྲང་བའི་ནད་དང་འཁྲུལ་སོ་ཆེ་སྟེ། མ་ཞུ་བད་ཀན་དང་འཁྲུལ་སོ་བསལ་བ། མ་ཞུ་བ་དང་བད་ཀན་གྱིས་མཁྲིས་ཡུལ་འཕྲོག་པ་ལ་མེ་དྲོད་དང་འཇུ་སྟོབས་ཆུང་བ་བཅས་ཀྱི་ནད་རྟགས་ལས་མ་ཞུ་བ་དང་བད་ཀན་གྱི་ནད་གཞི་དང་འཁྲུལ་སོ་ཆེ་ཡང་མིག་སྤྲིན་དང་རྣ་རྒྱབ་སེར་བ། ཁྱད་པར་དུ་བཤང་བ་དཀར་བས་འཁྲུལ་སོ་སེལ་ནུས།།

     ཕོ་རླུང་དང་འཁྲུལ་སོ་བསལ་བ། རླུང་གིས་མཁྲིས་ཡུལ་འཕྲོག་པ་ལ་ཕོ་བ་སྦོ་འཕྲོག་བྱེད་པ་བཅས་ཀྱི་ན་ལུགས་ལས་ཕོ་རླུང་དང་འཁྲུལ་སོ་ཆེ་ཡང་མིག་སྤྲིན་དང་རྣ་རྒྱབ་སེར་བ། ཁྱད་པར་དུ་བཤང་བ་དཀར་བས་འཁྲུལ་སོ་སེལ་ནུས།།

གོང་ངོས། ཚ་མཁྲིས།
X