//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

ཚ་མཁྲིས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 15:34:50 ཀློག་གྲངས། 41 

ནད་གཞིའི་མཁྲིས་པ་སྣོད་མཁྲིས་ཀྱི་གནས་སུ་རྣམ་པར་གྱུར་བ་སྟེ། ཚ་བ་ཁྲག་མཁྲིས་སྣོད་ཀྱི་མཁྲིས་པའི་གནས་སུ་ཞུགས་ནས་སྣོད་མཁྲིས་སུ་ཚ་བ་རྒྱས་པར་གྱུར་བའི་ནད་ཀྱི་མིང་།

རྒྱུ་རྐྱེན།

     ཤ་དང་ཆང་། མར་རྙིང་སོགས་དྲོད་བཅུད་ལྡན་པའི་ཁ་ཟས་དང་དྲག་ཤུལ་གྱི་སྤྱོད་ལམ་སོགས་བསྟེན་དྲགས་པ། ཉིན་མོར་གཉིད་ལོག་པ་དང་ཞེ་སྡང་ལངས་པ། མཚོན་གྱིས་བསྣུན་པ་སོགས་ཀྱིས་སློང་།

ནད་རྟགས།

     སྐོམ་དད་ཆེ་ཞིང་ཁ་ཁ་བ། ལུས་ཚ་ཞིང་གཉིད་ཆུང་ལ་བཤང་བ་སེར་བ། ཤ་མར་བུ་རམ་ཆང་སོགས་དྲོད་བག་ཆེ་བ་རྣམས་གནོད་པ།

     རྩ་རྒྱུད་ཕྲ་ཞིང་གྲིམ་ལ་མགྱོགས་པ།

     དྲི་ཆུ་སེར་ལ་རླངས་པ་ཆེ་ཞིང་ཀུ་ཡ་མཐུག

     ལྕེ་བད་ཀན་སྐྱ་སེར་མཐུག་པོས་གཡོག་པ།

གཞོགས་འདེགས་བརྟག་དཔྱད།

     སྒྲ་བརྒལ་དང་CTལས་སྣོད་མཁྲིས་སྐྲངས་བའམ་མཁྲིས་ཁུ་ཇེ་གར་དུ་སོང་ཡོད་པ་དང་། ཁྲག་པྲ་ལས་ཕྲ་ཕུང་དཀར་པོའི་གྲངས་ཀ་ཇེ་མང་དུ་སོང་ཡོད།

འཁྲུལ་སོ་བསལ་ཐབས།

     མིག་སྤྲིན་དང་ངོ་མདོག་ཆུ་མདོག་སོགས་སེར་བ་དང་། ཟ་འཕྲུག་ལངས་པའི་ཆ་ནས་ཚ་མཁྲིས་དང་གྲང་མཁྲིས་གཉིས་འཁྲུལ་སོ་ཆེ་ཡང་། མི་ནོར་བའི་གཟེར་ལ་གྲང་མཁྲིས་ཡིན་ན་བཤང་བ་དཀར་བ་དང་ཚ་མཁྲིས་ཡིན་བཤང་བ་སེར་བ།།

X