//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

རླུང་ནད་ཚེར་མ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 15:31:31 ཀློག་གྲངས། 32 

   རླུང་ནད་ཚེར་མ་ནི་རླུང་ཁྲག་ལོང་མོའི་རྩ་དང་ཆུ་བ་སོགས་ལ་ཞུགས་ནས་ལོང་ཚིགས་དང་རྐང་མགོའི་བྱ་བ་རྣམས་ཉམས་པར་འགྱུར་བའི་ནད་ཅིག

རྒྱུ་རྐྱེན།

  རྒྱུ་ནི་རླུང་ནད་སྤྱིའི་རྒྱུ་དང་འདྲ་བར་མཚན་ཉིད་དྲུག་ལྡན་དེ་ཉིད་ཡིན་ལ། རྐྱེན་ནི་སྨན་ཟས་རོ་ཁ་བ་དང་ནུས་པ་ཡང་རྩུབ་བསྟེན་དྲགས་པ། ཆགས་པས་དུབ་པ། ལྟོ་དང་གཉིད་ཆག་པ། ལྟོ་སྟོང་ལ་ལུས་ངག་གི་བྱ་བ་དྲག་པ། ཁྲག་མང་ཟགས་པ། བསེར་བུས་བུས་པ། ག་ཆད་དུ་ངུས་པ། མྱ་ངན་དང་སེམས་ལས་ཆེས་པ། བཤང་གཅི་འགགས་པ་དང་ཤུགས་ཀྱིས་བཙིར་དྲགས་པ་སོགས་ཀྱིས་བསྐྱེད།

ནད་རྟགས།

  ཐོག་མར་རྐང་བ་ན་ཞིང་། བར་དུ་ལོང་མོར་བབས་ནས་ན་བ། རྗེས་སུ་རྐང་བ་རིང་ཐུང་མི་སྙོམས་པར་འགྱུར་ཞིང་བཤལ་འདྲུད་བྱེད་པ།

  རྩ་རྐྱལ་སྟོང་སྐབས་སུ་སྡོད་པ།

  ཆུམདོག་ལུ་མའི་ཆུ་དང་འདྲ་བར་དྭངས་ལ་ལོག་རྗེས་སླ།

  ལྕེ་མདོག་དམར་ཞིང་སྐམ་ལ་རྩུབ་པ།

གཞོགས་འདེགས་བརྟག་དཔྱད།

  རླུང་ནད་ཚེར་མ་ཅན་ཞེས་པ་ནི་རླུང་ནད་ལོང་མོའི་རྩ་དང་ཆུ་བ་སོགས་ལ་ཞུགས་ནས་ལོང་བུ་དང་རྐང་མགོའི་བྱ་བ་རྣམས་ཉམས་པར་གྱུར་བ་ཡིན་པས་ལོང་ཚིགས་དང་རྐང་བའི་མཛུབ་ཚིགས་ལ་CR-བརྟག་དཔྱད་བྱ་རྒྱུ་དང་། སྙིང་པར། སྙིང་གི་ནུས་པ། ཁྲག་པྲ་བཅས་ལ་བརྟག་རྒྱུ།

འཁྲུལ་སོ་བསལ་བ།

  རླུང་ཁྲག་ལོང་མའི་རྩ་དང་ཆུ་བ་ལ་ཞུགས་ནས་ལོང་ཚིགས་དང་རྐང་མགོའི་འགུལ་སྐྱོད་ཀྱི་བྱ་བ་ཉམས་པར་འགྱུར་བ་ལས་དྲེག་དང་རྩ་ཏྲེམ་ཆུ་ཏྲེམ་སོགས་གྲུམ་བུ་རིགས་ལ་འཁྲུལ་སོ་ཆེ་སྟེ།

  གྲུམ་བུ་དང་འཁྲུལ་སོ་བསལ་བ། གྲུམ་བུ་ནི་གྲང་ཤུམ་ཡུན་རིང་བྱེད་ཅིང་ཤ་པགས་བརྩེ་བ་དང་། གདོང་ལ་སྣུམ་བག་ཆགས་པ། མགོ་དང་རྐེད་པ་དཔྱི་མིག་རྣམས་སུ་ཟུག་པ། ཤེད་ཆུང་ལ་སྒྱིད་པ་སྐྱུར་བ། ཤ་འབྲོས་པ་སྟེ་རྗུད་ཅིང་རྔུལ་ཁ་སྙི་བ། རྐང་ལག་གི་ཉྭ་བཞི་འཁུམས་སམ་རྐང་ལག་བཞི་བོ་ན་རེ་བྱེད་པ། རུས་ཚིགས་ཤ་རུས་སོགས་ཁོལ་ཞིང་ན་བ། ཆུ་རྒྱུས་གྱོང་ལ་འགུལ་ཚེ་ལྷག་པར་ན་བ་བཅས་ཀྱི་ན་ལུགས་ལས་འཁྲུལ་སོ་སེལ་ནུས་སོ། །

  དྲེག་དང་འཁྲུལ་སོ་བསལ་བ། བརླ་རྐང་དང་རྐེད་པ་པུས་ཚིགས་བྱིན་པ་རྣམས་ན་ཞིང་གཡའ་བ་དང་། འགུལ་སྐྱོད་བྱས་ན་ཆགས་སྙམ་བྱེད་པ་དང་། དེ་རྣམས་ཡང་ཡང་ལྡང་ཞིང་སླར་ལྕི་བར་འགྱུར་བ་ལས་འཁྲུལ་སོ་སེལ་ནུས།།

X