//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

རླུང་ནད་ཅེ་སྤྱང་མགོ

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 15:29:28 ཀློག་གྲངས། 43 

  རླུང་ཁྲག་པུས་མོར་ཞུགས་ནས་རི་དྭགས་ཅེ་སྤྱང་གི་མགོ་དང་འདྲ་བར་སྦོམ་ཞིང་ཆེ་བར་སྐྲངས་པ་སྟེ། དེ་ཡང་ངར་གདོང་གི་ཆུ་རྒྱུས་ནས་སྦལ་ནག་བར་དམར་ཁྲ་ཞིག་ཏུ་སྐྲངས་པ། གྱེན་ལ་ཕྱིན་ཚེ་བརྩེ་བ་དང་། ཐུར་དུ་འབབ་མི་ནུས་ལ་བརྐྱང་བསྐུམ་དཀའ་བ་ཞིག་ཀྱང་ཡིན།།

རྒྱུ་རྐྱེན།

 རྒྱུ་ནི་ཐ་མལ་སྐབས་ཀྱི་མཚན་ཉིད་དྲུག་ལྡན་གྱི་རླུང་དེ་ཉིད་ཡིན་ལ། རྐྱེན་ནི་ཟས་སྨན་རོ་ཁ་བ་དང་ནུས་པ་ཡང་རྩུབ་བསྟེན་དྲགས་པ། ཆགས་པས་དུབ་པ། ལྟོ་དང་གཉིད་ཆག་པ། འཁྲུ་སྐྱུགས་དྲག་པོས་བཏབ་པ། བསེར་བུས་བུས་པ། ག་ཆད་དུ་ངུས་པ། མྱ་ངན་དང་སེམས་ལས་ཆེས་པ། བཤང་གཅི་ཤུགས་ཀྱིས་བཀག་པ་དང་ནན་གྱིས་བཙིར་བ་སོགས་ཀྱིས་སྐྱེད།

ནད་རྟགས།

  པུས་མོ་སྦོམ་ཞིང་ཆེ་བར་སྐྲངས་པ་དང་། བ་སྤུའི་ཁུང་བུ་མངོན་ཞིང་ཚ་དྲོད་ཆེ་ལ་སྐྲངས་མདོག་སྐྱ་བ།

  རྩ་སྟོང་པ་སྟེ་མནན་མི་བཟོད་པ་ནང་སྟོང་བ།

  ཆུ་དང་འདྲ་བ། ལོག་རྗེས་སླ་བ། ཝུ་བ་ཆེ་བ།

  ལྕེ་མདོག་དམར་ལ་རྩུབ་པ།

གཞོགས་འདེགས་བརྟག་དཔྱད།

  རླུང་ནད་ཅེ་སྤྱང་མགོ་ནི་རླུང་དང་ཁྲག་ལས་བསྐྱེད་པའི་ནད་པུས་མོའི་སྟེང་ཏུ་བབས་པས་སྙིང་གི་ལྡང་ཚད་མགྱོགས་ལ་རྒྱུན་ལྡན་གྱི་ཁྲག་པྲ་ལས་ཕྲ་ཕུང་དམར་པོ་དང་ཕྲ་ཕུང་དཀར་པོ་ཇེ་མཐོར་འགྲོ་ལ། སྙིང་གི་ལྡང་ཚད་མགྱོགས་པ། ཁྲག་གི་སྙོམས་ཚད་གར་བོ་གྱུར་བ། ཁྲག་ཤེད་ཅུང་ཙམ་མཐོ་བ། པུས་ཚིགས་གཉིས་ལ་CR-འགྱེད་སྒྲ་བརྒལ་ལས་རུས་འཛེར་སྐྱེས་པ་བཅས་ཀྱི་སྣང་ཚུལ་ཡོད།

འཁྲུལ་སོ་བསལ་བ།

  ཅེ་སྤྱང་མགོ་འདི་གཉན་གྱི་སྐྲངས་རྒོད་དང་ནོར་ཉེན་ཆེ་བས། གཉན་ལ་བ་སྤུའི་ཁུང་བུ་མི་མངོན། རླུང་སྐྲངས་ལ་མངོན་ཞིང་ཚ་དྲོད་ཆེ་ཡང་སྐྲངས་མདོག་སྐྱ། སྐར་ཆུས་རེག་བྱ་ཉམས་པར་བྲན་པས་གཉན་སྐྲངས་ཡིན་ན་གཟེར་ཞི་འགྲོ། རླུང་སྐྲངས་ཡིན་ན་ཕྱུར་འོང་བས། ཚྭ་དང་སྒོག་སྐྱ། མར་དཀར། རྩམ་པ་བཅས་ཀྱིས་དྲིལ་ཕྱིས་དང་འབྱར་ནན་བྱས་པས་ཞིའོ།།

X