//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

རླུང་ནད་དཔུང་འཇའ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 15:26:33 ཀློག་གྲངས། 35 

  རླུང་ཕྲག་པའི་རྩར་ཞུགས་ཏེ་དེར་གནས་པའི་རྩ་རྣམས་འཁུམས་ནས་དཔུང་བ་འགུལ་སྐྱོད་ཀྱི་ལས་བྱེད་མི་ནུས་པར་འཇའ་བར་གྱུར་བའི་རླུང་ནད་ཅིག།

རྒྱུ་རྐྱེན།

 རྒྱུ་ནི་མཚན་ཉིད་དྲུག་ལྡན་གྱི་རླུང་དེ་འཕེལ་ཟད་འཁྲུགས་གསུམ་དུ་མ་གྱུར་བར་རང་གནས་སུ་གནས་པ་དེ་ཡིན་ལ། རྐྱེན་ནི་རོ་ཁ་བ་དང་ནུས་པ་ཡང་རྩུབ་ཀྱི་ཟས་སྨན་བསྟེན་དྲག་པ། ཆགས་པས་དུབ་པ། ལྟོ་སྟོང་ལ་ལུས་ངག་གི་བྱ་བ་དྲག་པ། ཁྲག་མང་ཟགས་པ། བསེར་བུས་བུས་པ། མྱ་ངན་དང་ག་ཆད་དུ་ངུས་པ། ཁ་ཡི་ལས་ཆེ་བ། བཅུད་མེད་ཡུན་རིང་ལ་བསྟེན་དྲག་པ་བཅས་ཀྱིས་སྐྱེད།

ནད་རྟགས།

 དཔུང་བ་འདེགས་འཇོག་ཉམས་པ་དང་ན་ཟུག་འབྱུང་བ།

 རྩ་སྟོང་ལ་རྐྱལ་བ།

 ཆུ་ལུ་མའི་ཆུ་ལྟར་སྔོ་ལ་སླ་བ། ཝུ་བ་ཆེ་བ།

 ལྕེ་མདོག་དམར་ཞིང་སྐམ་ལ་རྩུབ་པ།

གཞོགས་འདེགས་བརྟག་དཔྱད།

 དཔུང་པ་ན་བར་འགུལ་བསྐྱོད་བྱས་ཚེ་ལྷག་ཏུ་ན་བ། ནུབ་མོར་ཇེ་ལྕི་ཡིན་པ། Xགློག་འོད་དང་ཁྲག་པྲ་སོགས་འབྲེལ་ཡོད་བརྟག་དཔྱད་ལས་ཁྱད་པར་ཀྱི་ནད་རྟགས་མེད་པར་ན་ཡུན་རིང་ཚེ་རུས་རྫས་སབ་སོབ་ཏུ་གྱུར་ཡོད་པ།

འཁྲུལ་སོ་བསལ་བ།

 དཔུང་ཚིགས་བུད་པ་དང་རྩ་དཀར་གྱི་ནད་ལའང་དཔུང་བ་འདེགས་འཇོག་ཉམས་པ་སོགས་ཀྱི་རྟགས་འབྱུང་སྲིད་པས་འཁྲུལ་སོ་བསལ་ཏེ།

 དཔུང་ཚིགས་བུད་པ་དང་འཁྲུལ་སོ་བསལ་བ། རྨས་སྐྱོན་སོགས་ཀྱིས་དཔུང་ཚིགས་ཀྱི་དབྱིབས་འགྱུར་ཞིང་ན་ཟུག་ཆེ་བ་དང་འགུལ་སྐྱོད་བྱེད་ཚེ་ན་ཟུག་ཆེར་ལྡང་བ་ལས་ཤེས་ཐུབ།

 རྩ་དཀར་གྱི་ནད་དང་འཁྲུལ་སོ་བསལ་བ། ཆུ་རྩ་འཇའ་བྱེད་སོགས་ལས་ནད་དུ་གྱུར་ན་ཡན་ལག་བཤལ་བའམ་སྦྲིད་ཅིང་ཚོར་བ་བྲལ་བ། གཡོ་བའམ་སྐམ་པ། ཞ་བ་དང་རེངས་འཁུམས་སུ་འགྲོ་བ་སོགས་ལས་འཁྲུལ་སོ་སེལ་ནུས།།

X