//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

རླུང་ནད་ཤིང་རེངས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 15:18:00 ཀློག་གྲངས། 34 

རླུང་ནད་ཤིང་རེངས་ནི་མ་ཞུ་བ་དང་བད་ཀན་གྱིས་རླུང་རྒྱུ་བའི་ལམ་བཀག་སྟེ་ལུས་དགྱེ་སྒུར་བརྐྱང་བསྐུམ་སོགས་བྱ་བའི་མཐུ་ཉམས་ནས་དབྱུག་པའམ་ཤིང་ལྟར་རེངས་པོར་འགྱུར་བའི་ནད་ཅིག།

རྒྱུ་རྐྱེན།

     རྒྱུ་ནི་རླུང་ནད་སྤྱིའི་རྒྱུ་དང་འདྲ་ལ་རྐྱེན་ནི་སེམས་ལས་ཆེ་བ། ལུས་ངག་གི་བྱ་བ་དྲགས་པ། བསེར་བུས་བུས་པ། ཁྲག་ཟགས་པ། འཁྲུ་སྐྱུགས་མང་བ། རིག་པ་གཅུན་དྲགས་པ། ཟས་བཅུད་མེད་དང་སྐོམ་འཁྱག་མང་དུ་བསྟེན་པ་སོགས་ཀྱིས་སློང་།

ནད་རྟགས།

     ལུས་དགྱེ་སྒུར་མི་ནུས་པར་ཤིང་ལྟར་རེངས་པོར་འགྱུར་བ།

     རྩ་མནན་མི་བཟོད་པར་སྟོང་བ་ཆུ་སྟེང་རྐྱལ་པ་བུམ་པ་བཞག་པ་དང་མཚུངས་བ།

     ཆུ་མདོག་དཀར་ལ་ཝུ་བ་ཆེ་བ། ཆུ་དང་འདྲ་བ།

     ལྕེ་མདོག་སྔོ།

གཞོགས་འདེགས་བརྟག་དཔྱད།

     རླུང་ནད་ཤེང་རེངས་ནི་མ་ཞུ་བད་ཀན་དང་ལྡན་པ་ཡིས་རླུང་རྒྱུ་བའི་རྒྱུན་སྲང་རྣམས་བཀག་པས་སྒལ་ཚིགས་དང་གྲུ་ཚིགས། པུས་ཚིགས་བཅས་གང་རུང་ལ་X-CR-DR-འགྱེད་སྒྲ་བརྒལ་ལས་རུས་འཛེར་ཡོད་པ། ཀླད་པར་CT--བརྟག་དཔྱད་དང་། B--བརྒལ་རླབས་ཀྱིས་བརྟག་དཔྱད་བྱ་རྒྱུ།

འཁྲུལ་སོ་བསལ་བ།

     ནད་འདི་རྩ་དཀར་ནད་དང་གྲུམ་བུའི་ནད་ལ་འཁྲུལ་ཉེན་ཡོད་ཀྱང་། ཞིབ་ཏུ་བརྟགས་ན་ནད་རྒྱུས་དང་ནད་ལས་ངེས་བ་རྙེད་ཐུབ།

X