//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

རླུང་ནད་ལུས་སྐམས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 15:14:17 ཀློག་གྲངས། 43 

གསོ་ཐབས།

     གསོ་ཚུལ།

     སྣུམ་བཅུད་དྲོད་ཀྱི་རིགས་དང་བསྐུ་མཉེ་བསྟེན་རྒྱུ།

       བཅོས་ཐབས།

     ཟས། ཟྭ་དང་ཙོང་། སྒོག་པ། ཟན་སྐམ། ལུག་ཤ། ཟན་དྲོན། འབྲུ་མར། མར་རྙིང་། འོ་མ་ཆང་སོགས་དྲོ་ཞིང་སྣུམ་བཅུད་དྲོད་ཀྱིས་བཅོས་པར་བྱ།

     སྤྱོད་ལམ། གཡེང་བ་མེད་པར་དབེན་ས་དང་དྲོ་བའི་གནས་སུ་འདུག་པ། གོས་མཐུག་པོ་གོན་པ། ཡིད་དུ་འོང་བའི་གྲོགས་ཀྱིས་བཅོས་པར་བྱ།

     སྨན། ད་ལི་བཅོ་བརྒྱད། ཨ་གར་སོ་ལྔ། ཨ་གར་ཉི་ཤུ། ཨ་གར་ཉེར་བཞི། བསམ་ནོར། མུ་ཏིག་ཉེར་ལྔ་དང་བདུན་བཅུ། བྱུར་དམར་ཉེར་ལྔ། བྱ་ཁྱུང་བཅུ་གསུམ།

 དཔྱད། མེ་བཙའ་དང་ལུམས་བཅོས་བསྐུ་མཉེ་བྱ།

ཕན་འབྲས་ཚད་གཞི།

     སངས་དྲག  

       གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

      སྐྱེད་ཆེ་བ།

       ལུས་ཀུན་གྱི་རྩ་རྒྱུས་ཤ་བཅས་སྐམས་པ། ཚོར་བ་མེད་པ། ཡན་ལག་བརྐྱང་བསྐུམ་གྱི་བྱ་བ་ཉམས་པའམ་བཤལ་བ། ཤ་བྲི་བ་བཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་བ། རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།

 

      སྐྱེད་ཆུང་བ།

       ན་ལུགས་གཙོ་བོ་དེ་མ་ཞི་བ་དང་། ནད་རྟགས་འགའ་རེ་ཞི་ཡང་གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུར་འགྱུར་ལྡོག་ཆུང་བ།

      སྐྱེད་མེད་པ།

       ཕན་བསྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

X