//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

རླུང་ནད་ལུས་སྐམས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 15:14:17 ཀློག་གྲངས། 42 

རླུང་ནད་ལུས་སྐམས་ཞེས་པ་ནི་ལུས་ཡོངས་སུ་རྣམ་པར་གྱུར་བའི་རླུང་ཞུགས་ཏེ་འཁྲུགས་པས་རྩ་དང་ཆུ་རྒྱུས་སོགས་བསྐམས་ནས་ཚོར་བ་མེད་ཅིང་བྱ་བའི་མཐུ་ཉམས་པའི་ནད་ཅིག།

རྒྱུ་རྐྱེན།

     རྒྱུ་ནི་ལུས་ལ་ཐ་མལ་དུ་གནས་པའི་རླུང་མཚན་ཉིད་དྲུག་ལྡན་དེ་ཡིན་ལ། རྐྱེན་ནི་སྨན་ཟས་རོ་ཁ་བ་དང་ནུས་པ་ཡང་རྩུབ་བསྟེན་དྲགས་པ་དང་། ཆགས་པས་དུབ་པ། ལྟོ་སྟོང་ལ་ལུས་ངག་གི་བྱ་བ་དྲག་ཤུལ་ཆེ་བ། ལུས་ནས་ཁྲག་མང་དུ་ཟགས་པ། འཁྲུ་བ་དང་སྐྱུགས་དྲག་པོས་བཏབ་པ། བསེར་བུས་བུས་པ། ག་ཆད་དུ་ངུས་པ། མྱ་ངན་དང་སེམས་ལས་ཆེ་བ། བཅུད་མེད་ཡུན་དུ་བསྟེན་དྲག་པ། བཤང་གཅི་བཀག་བཙིར་དྲག་པ་སོགས་ལས་སྐྱེད།

ནད་རྟགས།

     ལུས་ཀུན་གྱི་རྩ་རྒྱུས་ཤ་བཅས་སྐམས་པ། ཚོར་བ་མེད་པ། ཡན་ལག་བརྐྱང་བསྐུམ་གྱི་ནུས་བ་ཉམས་པའམ་ཞ་བ། ལུས་ཤ་བྲི་བ།

     རྩ་སྟོང་ལ་རྐྱལ་བ།

     ཆུ་མདོག་དཀར་ལ་ཝུ་བ་ཆེ་བ། ཆུ་དང་འདྲ་བ།

     ལྕེ་མདོག་དམར་ཞིང་རྩུབ་ལ་སྐེམ་པ།

གཞོགས་འདེགས་བརྟག་དཔྱད།

     རླུང་ནད་ལུས་སྐམས་ནི་ལུས་ཡོངས་སུ་རླུང་ཞུགས་པས་རྩ་དང་ཆུ་རྒྱུས་སོགས་བསྐམས་ནས་ཚོར་བ་མེད་ཅིང་བྱ་བའི་མཐུ་ཉམས་པ་ཡིན་པས་རྒྱུན་ལྡན་གྱི་ཁྲག་པྲར་བརྟག་པས་ཚད་གཞི་ལས་ཇེ་དམའ་རུ་སོང་བ། སྙིང་པར་ལས་ལྡང་ཚད་མགྱོགས་ལ། སྙིང་གི་ནུས་པ་ཇེ་ཞན་དུ་འགྲོ་བ། ཕོ་ཤེལ་ལས་ཕོ་བར་གཉན་ཚད་ཡོད་པ་དང་ཕོ་སྨུག་དང་ཕོ་རུབ་སོགས་མངོན་པའི་སྣང་ཚུལ་ཡོད། B-བརྒལ་རླབས་ཀྱིས་ཀྱང་གསོ་བྱའི་དོན་ལྔ་སྣོད་དྲུག་ལ་སྐྱོན་གང་འདྲ་ཡོད་མིན་བརྟག་ཐུབ།

འཁྲུལ་སོ་བསལ་བ།

     རླུང་ནད་གཞོགས་ཕྱེད་སྐམས་པ་དང་གཟའ་ནད་གཉིས་ལུས་ཀྱི་དགྱེ་དགུར་བསྐྱངས་བསྐུམ་དང་ཚོར་བ་སོགས་བྱ་བ་ཉམས་པའི་ཆ་ནས་རླུང་ནད་ལུས་སྐམས་པ་དང་འཁྲུལ་སོ་ཆེ་སྟེ། དེ་དག་གི་འཁྲུལ་སོ་སེལ་ལུགས་ནི།

     གཞོགས་བྱེད་སྐམས་པ་དང་འཁྲུལ་སོ་བསལ་བ། གཞོགས་ཕྱེད་སྐམ་པ་ནི་རླུང་གིས་ལུས་ཀྱི་གཞོགས་ཕྱེད་བཟུང་ནས་བྱ་བ་དང་ཚོར་བ་ཉམས་པ་ལས་འཁྲུལ་སོ་སེལ་ནུས།།

     གཟའ་ནད་དང་འཁྲུལ་སོ་བསལ་བ། གཟའ་ནད་ལ་ཐོག་མར་གོང་གི་ན་ལུགས་དག་སྟོན་ཀྱང་ཁྱད་པར་དུ་ནད་བྱུང་མྱུར་ལ་མང་ཆེ་ཤས་གཟའ་རྒྱུ་བའི་དུས་སུ་འཛིན་པ་དང་། མིག་རྩ་གྲུང་བ། ལྕེ་གཡས་སམ་གཡོན་ཐུང་བ། ཁ་ལྐུགས་པ་ལས་འཁྲུལ་སོ་བསལ་དགོས།

X