//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

མཁལ་རླུང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 14:39:26 ཀློག་གྲངས། 109 

  མཁལ་རླུང་གི་ནད་ནི་ཐ་མལ་དུ་གནས་པའི་རླུང་གི་བྱེད་ལས་འཁྲུགས་ནས་མཁལ་མ་སྟེ་རང་རྒྱུད་གནོད་བྱ་ལ་ཞུགས་ནས་མཁལ་རྐེད་ན་བ་དང་། རྣ་བ་འོན་པ་སོགས་མངོན་པའི་ནད་ཅིག།

རྒྱུ་རྐྱེན།

  རྟ་ལྟ་བུས་བརྡབས་པ་དང་། མི་ཐེག་པའི་རིགས་ཁུར་བའམ་བཏེགས་པ། རླན་གཤེར་ལ་སོགས་པའི་སྟེང་དུ་འདུག་པ། ཆུའི་ལས་བྱས་པ་སོགས་མཁལ་ནད་སྤྱི་རྐྱེན་དང་རླུང་རྐྱེན་འདོམས་པ་ལས་འབྱུང་།།

ནད་རྟགས།

  རྐེད་པ་འཕྱངས་ནས་ན་བ་དང་ནད་དམིགས་མི་རྙེད་ཅིང་རྣ་བ་འོན་པར་འགྱུར་བ།

  རྩ་རྒྱུད་ཀྱི་རྒྱུ་བ་ཞན་ལ་བྱིང་ཞིང་ལྷག་པར་མཁལ་རྩ་ཞན་པར་འཕར།

  དྲི་ཆུའི་མདོག་དཀར་ཞིང་སྔོ་ལ་དྲི་རླངས་ཆུང་བ་དང་། ཀུ་ཡ་བྱེ་མ་འདྲ་བ་སིབ་སིབ་སྣོད་ཀྱི་གཏིང་དུ་གནས།

  ལྕེ་མདོག་དམར་ཞིང་ཟུར་གཉིས་སུ་ནག་པོ་ཆགས་པ་སོགས་ཀྱི་མངོན་ཚུལ་ཡོད་པ་རེད།

གཞོགས་འདེགས་བརྟག་དཔྱད།

  གཅིན་པྲ་ལས་ཁྲག་ཡོད་པ་དང་སྤྲི་དཀར་པ།

  ཁྲག་པྲ་ལས་ཕྲ་ཕུང་དམར་པོ་འགྲིབ་པར་ཁྲག་འབྱིང་མགྱོགས་པ། ཁྲག་ལས་C3ཇེ་དམའ་ཡིན་པ།

འཁྲུལ་སོ་བསལ་བ།

  མཁལ་རླུང་དང་མཁལ་གཅོང་། འོར་ལྷུང་། མཁལ་འགྲམས། མཁལ་གྲུམ། མཁལ་ཚད་བཅས་ལ་མཁལ་རྐེད་ན་བའི་ཆ་ནས་འདྲ་མོད། སོ་སོར་དམིགས་བསལ་གྱི་ནད་རྟགས་རེ་ཡོད་པས་འཁྲུལ་སོ་བསལ་དགོས་ཏེ།

  མཁལ་གཅོང་དང་འཁྲུལ་སོ་བསལ་བ། མཁལ་གཅོང་སྨད་གྲང་ལ། རྐང་བ་བཤལ། ཆུ་སྲི་བཅུད་རླུགས་བཤུལ་ཤ་ཁྲིད་ནས་ན་བ་བཅས་ཀྱི་རྟགས་ལས་འཁྲུལ་སོ་སེལ།།

  མཁལ་ནད་འོར་ལྷུང་དང་འཁྲུལ་སོ་བསལ་བ། མཁལ་ནད་འོར་ལྷུང་ལ་ཟ་འཕྲུག་བྱེད་ཅིང་འགྲོ་འདུག་བྱས་ཚེ་པུས་མོ་དང་བོལ་གོང་སྐྲངས་པ་བཅས་ཀྱི་རྟགས་ལས་འཁྲུལ་སོ་སེལ།།

  མཁལ་འགྲམས་བར་དུ་རྒྱས་པ་དང་འཁྲུལ་སོ་བསལ་བ། དཔྱི་སྟེང་འབྲེལ་མཚམས་ཀྱི་རྩ་ནག་སྦོ་ཞིང་གཟེར་བ་དང་། གློ་དང་སྦྲིད་པ་བྱུང་ཚེ་བཟོད་ཐབས་མེད་པར་ན་ཟུག་ལྡང་བ་བཅས་ཀྱི་རྟགས་ལས་འཁྲུལ་སོ་སེལ།།

  མཁལ་གྲུམ་དང་འཁྲུལ་སོ་སེལ་བ། གློ་དང་སྦྲིད་པ་བྱུང་ཚེ་དཔྱི་མིག་ཟུག་པ། སྒལ་བ་རེངས་ཤིང་མཇིང་བ་སྒྱུར་མི་ཤེས་པ། ནམ་སྟོད་ན་ཞིང་ནམ་སྨད་བདེ་བར་ཚོར་བ། ཆང་དང་དྲོད་བཅུད་ཟོས་རྗེས་ཚ་བ་སྐྱེ་བ་བཅས་ཀྱི་རྟགས་ལས་འཁྲུལ་སོ་སེལ།།

  མཁལ་ཚད་དང་འཁྲུལ་སོ་བསལ་བ། ཆང་འཐུང་བ་དང་འགྲོ་འདུག་བྱས་ཚེ་ན་བ་དང་། དྲི་ཆུ་གཏོང་བའི་ཚེ་ན་ཆུ་ཁ་ཚ་བའི་རྟགས་ལས་འཁྲུལ་སོ་སེལ་ནུས།།

གོང་ངོས། གློ་རླུང་།
X