//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

གློ་རླུང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 14:35:39 ཀློག་གྲངས། 27 

   གློ་རླུང་གི་ནད་ནི་ཐ་མལ་དུ་གནས་པའི་རླུང་གི་བྱེད་ལས་འཁྲུགས་ནས་གློ་སྟེ་རང་རྒྱུད་གནོད་བྱ་ལ་ཞུགས་ནས་ལུ་བ་དང་ལུད་པ་འགོག་དཀའ་བ། དབུགས་འབྱིན་རྔུབ་ཀྱི་ནུས་པ་ཉམས་ཞན་དུ་གྱུར་བའི་ནད། །

རྒྱུ་རྐྱེན།

  སྐྱུར་པོར་གྱུར་པའི་བཟའ་བཏུང་མང་དྲགས་པ། མར་རྙིང་པ་ཟོས་པ། རྒྱུན་དུ་ལན་ཚྭ་དྲགས་པ་དང་། དུ་བ་མང་པོ་ཡོད་པའི་ཁང་པ་ལྟ་བུར་ཡུན་དུ་བསྡད་ནད་དུ་བས་བདུག་པ། ཐ་མག་འཐེན་པ། ཆམ་པ་བརྒྱབ་ནས་མ་བཅོས་པའམ། བཅོས་འཕྱིས་པ། ཡང་ན་བཅོས་ཉེས་པ་དང་། བྲང་རྒྱབ་རྩིབ་མ་སོགས་བརྡབས་ནས་གློ་གནས་སའི་ལུས་ཀྱི་ཆ་ཤས་འགྲམས་པ་སོགས་གློ་ནད་བསྐྱེད་པའི་རྐྱེན་དང་རླུང་རྐྱེན་འདོམ་པ་ལས་བསྐྱེད་པའོ།

ནད་རྟགས།

  གཉིད་ཆུང་ལ་ལུད་པ་འགོག་དཀའ་ཞིང་། ཝུ་གསོབ་ཅན་ཐོན་པ། ལུས་ཀྱི་སྟོད་ཤིན་ཏུ་རྒྱངས་ཤིང་། སྐྱུགས་སྙམ་བྱེད་པ་དང་མིག་སྐྲངས་པ་དང་མཚན་མོར་ཤས་ཆེར་ལུ་བ།

  རྩ་རྒྱུད་སྟོང་ལ་བྱིངས་བ།

  དྲི་ཆུ་ཅུང་དཀར་ལ་སླ་བ་དྲི་རླངས་ཆུང་བ།

   ལྕེ་མདོག་སྐྱ་གླེག་ཅན་ཅུང་རྩུབ་སྙམ་ཡིན་པ།

གཞོགས་འདེགས་བརྟག་དཔྱད།

   གློག་པར་Xའོད་ལ་བལྟས་ན་གསལ་བོ་རྟོགས་ཐུབ་པ། གཞན་བྲང་གཞུང་དུ་CTལ་བརྟག་དཔྱད་བྱས་ན་གློ་རླུང་ནད་གྱི་ངོས་འཛིན་ཐག་གཅོད་ཐད་ལ་རིན་ཐང་ངེས་ཅན་ལྡན། གློ་རླུང་ནི་གློ་བར་རླུང་ནད་ཞུགས་པས་གློ་ལུ་འགོག་དཀའ་བ་འབྱུང་ལ་ལུད་པ་མང་དུ་ལུ་བས་བྲང་ཁོག་ལCR-འགྱེད་སྒྲ་བརྒལ་ལས་གློ་བར་ཚད་པ་ཞུགས་པ་དང་CT-བརྟག་དཔྱད་ལས་གློ་གཅོང་དང་གློ་འབྲས་སོགས་བཅོས་དཀའ་བའི་རིགས་མངོན་ཐུབ། ལུད་པ་དང་གཅིན་པྲར་བརྟག་པས་མཚམས་རེར་ཁྲག་འདྲེས་པ་ཡོད་ལ། མདོག་དང་དྲི་མ། གར་སླའི་ཆ་ལ་འགྱུར་ལྡོག་བྱུང་ངེས། སྙིང་པར་ལས་སྙིང་གི་ལྡང་ཚད་མཐོ་ལ་དབུགས་གྲངས་ཇེ་ཉུང་དུ་འགྲོ་བ་བཅས་ཀྱི་རྟགས་མངོན་ཐུབ།  

འཁྲུལ་སོ་བསལ་བ།

   གློ་ནད་ཐང་པོ་དང་གློ་རླུང་གཉིས་རླུང་ལས་གྱུར་བའི་ཆ་ནས་ལུད་པ་འགོག་དཀའ་བ་དང་ཝུ་གསོབ་ཅན་ཐོན་པ། དགོངས་དང་ཐོ་རེངས་ཀྱི་དུས་སུ་ལྡང་བ་བཅས་ཀྱི་ཆ་ནས་འདྲ་མོད། གློ་ནད་ཐང་པོ་རྒྱུན་དུ་ལུ་བ་དང་། གློ་རླུང་ལ་ནུབ་གློ་མང་བ་དང་། ལུས་ཀྱི་སྟོད་ཤིན་ཏུ་རྒྱངས་ཤིང་། སྐྱུགས་སྙམ་བྱེད་པ་དང་མིག་སྐྲངས་པ་བཅས་ཀྱི་ཆ་ནས་གློ་ནད་ཐེང་པོ་དང་འཁྲུལ་སོ་བསལ།།

གོང་ངོས། མགོ་རླུང་།
X