>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

འོ་སེའི་འབྲས་བུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-31 16:45:23 ཀློག་གྲངས། 10

              བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། འོ་སེའི་འབྲས་བུས་གློ་ནད་ལུད་པ་འདྲེན།། ཞེས་དང་། དཔག་བསམ་ལྗོན་ཤིང་ལས། འོ་སེས་དེ་བཞིན་གློ་ནད་སེལ།། ཞེས་པ་ཤིང་ཆེ་ཆུང་དབྱིབས་སོགས་སེ་འབྲུའི་ཤིང་འདྲ་བ། ལོ་མ་ནར་མོ་ལྕང་ལོའདྲ་བ། འབྲས་བུ་དམར་པོ་སེ་བའི་འབྲས་བུ་ཙམ་མངར་བ་ཀླུང་ཤོད་གར་ཡང་སྐྱེ་ལ་ཡོངས་གྲགས་ཤེས་སླའོ།། ཞེས་གསུངས་ཡོད།

གོང་ངོས། ཡིག་ཆ་མི་འདུག
X