>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

སྨག་ཤད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-31 16:28:41 ཀློག་གྲངས། 31

       བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སྨག་ཤད་རྨ་གསོ་ཆུ་སེར་འདྲེན་པར་བྱེད།།ཅེས་པར།མིང་།འབྲོག་དཀར།དམར་ཤད།སྨྱག་ཤད།སྨྱ་ག་ཟེར།འདི་ཤིང་ཕྲན་ཕྲ་ལ་དྲང་བ་ཤུན་པ་དམར་པོ་ལོ་མ་ཆུང་ལ་ཉུང་བ་མེ་ཏོག་དཀར་པོ་སྤུངས་ནས་སྐྱེ་བ་དེའི་ལོ་མ་མེ་ཏོག་བཅས་བཏུ་བའོ།།ཞེས་དང་།

          གསོ་བྱེད་བདུད་རྩིའི་འཁྲུལ་མེད་ངོས་འཛིན་བཟོ་རིག་མེ་ལོང་དུ་རྣམ་པར་ཤར་བ་མཛེས་མཚར་མིག་རྒྱན་ལས། དམར་ཤད་ནི། སྨྱག་ཤད། སྨག་ཤད་ཟེར། ཤིང་ཕྲན་ཕྲ་ལ་དྲང་བ་ཕང་འཕངསྐྱ་འདྲ་ལས་ཆུང་ཞིང་། ཤུན་པ་དམར་པོ་ལོ་མ་ཆུང་ཉུར་མེ་ཏོག་དཀར་པོ་སྤུངས་ནས་སྐྱེ་བའོ།། ཞེས་གསུངས་ཡོད།

གོང་ངོས། མོན་ཆ་ར།
X