>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

འབྲུག་ཤིང་འབྲས་བུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-31 16:22:08 ཀློག་གྲངས། 9

          བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། འབྲུག་ཤིང་འབྲས་བུས་ཆར་འབེབས་ཀླུ་ནད་སེལ།། ཞེས་པ་ཀླུང་ཤོད་གར་ཡང་སྐྱེ་བའི་ཤིང་པགས་པ་སྔོ་ལྗང་མཁྲེགས་པ། སེ་ཕུང་ལས་ཆེ་བ་ཙམ་ལ་ཤིང་གཞན་ལ་འཁྲིལ་ཞིང་རང་ཉིད་ཀྱང་སྐུད་པ་ལྟར་བསྒྲིམས་པ་དང་། མདུད་པ་སོགས་བྱས་ནས་སྐྱེ་བ་ཤུན་པ་མཐུག་ལ་ཡལ་ག་མཉེན་པས་རྔ་རྡུང་བྱེད་ཀྱི་དབྱུག་པ་བྱེད་པས་ཀུན་ལ་གསལ་བའོ།། ཞེས་གསུངས་ཡོད།

གོང་ངོས། དབྱར་པ།
X