>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

སྤེན་མ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-31 11:28:46 ཀློག་གྲངས། 20

       བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སྤེན་དཀར་སོ་རྩི་ནག་པོས་ནུ་ཚབ་ཚབསསེལ།།ཞེས་པར།རང་བྱུང་པས།སྤེན་མས་མ་ཞུ་གློ་ནད་སེལ།།ཞེས་པ།ཤིང་རྐང་ཕྲན་བ་ལུ་ཙམ་པ་སྡོང་པོ་སེར་ཁམ་ལོ་མ་ཆུང་བ།འདི་ལ་དཀར་ནག་གཉིས།དཀར་པོ་མེ་ཏོག་དཀར་པོ་འཆར་བའོ།།ནག་པོ་མེ་ཏོག་སེར་པོ་འཆར་བ་ལ་ཆེ་ཆུང་གཉིས།ཆེ་བ་སྔ་མ་ཙམ་དང་།ཆུང་བ་མཐོ་རེ་ལྷག་ཙམ་ལས་མི་སྐྱེ་བ་ཕྲ་ལ་འཇམ་པ་ཡིན།ཆེ་བ་གཉིས་བྱེ་ཁྲེབ་སོགས་ཉིན་སྲིབ་མཐོ་ས་གར་ཡང་སྐྱེ།ནག་པོ་ཆུང་བ་ཆུ་འགྲོམ་འགྲམན་བར་སྐྱེ།གསུམ་ཀའི་ཐལ་བས་ཆུ་སེར་སྐེམ་པར་ནུས་སོ།། ཞེས་དང་།

             གསོ་བྱེད་བདུད་རྩིའི་འཁྲུལ་མེད་ངོས་འཛིན་བཟོ་རིག་མེ་ལོང་དུ་རྣམ་པར་ཤར་བ་མཛེས་མཚར་མིག་རྒྱན་ལས། སྤེན་ནག་མེ་ཏོག་སེར་ལ་ཆེ་ཆུང་གཉིས། ཆེ་སྤེན་དཀར་ལྟར་ལ། ཆུང་བ་མཐོ་རེ་ལྷག་ཙམ་ལས་མི་སྐྱེ་བ་ཕྲ་འཇམ། སྤེན་དཀར་མེ་ཏོག་དཀར་ནས་དབྱེ་བ་གསུམ་མོ།། ཞེས་གསུངས་ཡོད།


གོང་ངོས། སྤ་འབྲུམ།
X