>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ཀ་པེད་འབྲས་བུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-30 9:20:29 ཀློག་གྲངས། 37

         བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཞེས་པར། རང་བྱུང་བས། ཀ་པེད་རྒྱུ་ལོང་ཚ་འཁྲུ་སེལ། ཞེས་པར། རིགས་ཆེ་ཆུང་གཉིས།ཆེ་བ་ཕོ་རིགས་ལ། མིང་། ཀ་པེད། ཁ་ ཌ་ཀ  རསྨི་ཙི། འཁྲུ་གཅོད་གཙོ་བོ། ཆག་ཚང་ཀུ་བ་ཟེར། འཁྲུངས་དཔེར། ཀ་པེད་ཅེས་བྱའི་འབྲས་མཆོག་ནི། ལོ་མ་ལེབ་ལ་ཆེ་བ་ཡིན། སྡོང་པོ་རིང་ལ་ཡལ་ག་མང་། མེ་ཏོག་དཀར་ལ་རབ་ཏུ་མཛེས། འབྲས་བུ་བྱིས་པའི་ཐོད་ཕོར་འདྲ། རོ་ནི་ཅུང་ཟད་སྐྱུར་བ་ཡིན། ནུས་པས་རྨ་དང་གློ་ནད་སེལ། ཞེས་སྟོད་ནས་ཛོ་ཀི་རྣམས་ཀྱིས་ཆུ་སྣོད་དུ་འཁྱེར་ཡོང་དང་། ཚ་བ་གོ་རོང་སོགས་སུ་ལྡུམ་རྭར་འཛུགས་པ་འབྲས་བུ་ཁུ་ཚུར་ཙམ་བྱུང་ནས་འོག་ཏུ་རྡོ་ལེབ་བཞག་པས་རྡོ་ཉི་མས་དྲོས་པའི་རྐྱེན་གྱིས་འབྲས་བུ་ཆེར་མྱུར་བས་རྒྱས་པས། རྡོ་ཐོག་ཤིང་སྐྱེས་ཀུ་བ་མཚར། ཞེས་ཟེར། ཆུང་ཚེ་རྩྭ་ཐག་གིས་སྐེད་པའམ་སྟོད་སྨད་ནས་བསྡམས་བཞག་པས་གོང་འོག་ནས་ཚར་བས་བུམ་དབྱིབས་དོད་པར་བྱེད་པ་ཡིན། ཆེ་བ་ལ་ལུག་ཐོང་གི་གྲོད་པ་ཙམ་ཡོད་པར་འདུག འབྲས་བུའི་ནང་ལྷ་བ་དཀར་སོབ་ཀྱིས་གང་ཡོད་པའི་གསེང་ན་ས་བོན་འབྲས་བུ་དཀར་ལེབ་གསེར་མེའི་ཕྱོགས་དབྱིབས་ཡོང་བ་ལ་གསེར་ལ་ཕུད་བུ་ཞེས་བྱ། འཁྲུངས་དཔེ་ལས། གསེར་ལ་ཕུད་བུ་ཞེས་བྱ་བ། ཀུ་བའི་ས་བོན་འབྲས་བུ་སྟེ། ནུས་པས་འཁྲུ་གཅོད་གྱེན་འདྲེན་སྐྱུགས། ཞེས་འབྱུང་། བིལ་བ་ཞེས་ཀུ་བ་ཆུང་བ་མོ་རིགས་སྟེ། མིང་། བིལྦ། ཤྰཎྜྀལྱ། ཤེེ་མྰུ་ཥ། མྰ་ལྰུ་ར། ཤྲྰི་ཕ་ལ། དཔལ་འབྲས། བྷེེ་ལ་ཟེར། སྔོན་ཤིང་གི་ལྷ་མོས་བཅོམ་ལྡན་འདས་ལ་ཤིང་ཐོག་གི་སྙིང་པོ་བིལྦ་ཕུལ་ཏེ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་ཞེས་པ་ཡོངས་གྲགས་ཏེ། འབྲས་བུ་ཁུ་ཚུར་ཙམ་ནང་སྒོང་ངའི་སེར་ཐིགས་འདྲ་བའི་དབུས་སུ་ཚིགས་ཚིག་རུག་ནར་ལེབ་ཡོང་བ་ར་རོ་སྐྱུར་ཞིང་བསྐ་བའོ།།  ཞེས་གསུངས་ཡོད།

གོང་ངོས། སྐྱུ་རུ་ར།
X