>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྲོག་ཆགས་ཀྱི་སྨན། > > ནང་དོན།

མར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-07 11:31:44 ཀློག་གྲངས། 8

          བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དང་པོ་འཕྲལ་གྱི་མར་གསར་རོ་ཙ་བྱེད།། བསིལ་ཞིང་མདོག་དང་སྟོབས་སྐྱེད་འཁྲུ་བ་གཅོད།། མེ་དྲོད་སྐྱེད་ཅིང་གློ་གཅོང་ལུད་པ་སེལ།། རླུང་མཁྲིས་ཁྲག་དང་གཞང་འབྲུམ་ཚད་པ་སེལ།། ཞུན་མར་བློ་རྣོ་དྲན་གསལ་དྲོད་སྟོབས་སྐྱེད།། ཡིད་གཞུངས་ཚེ་འཕེལ་མིག་གསལ་མདངས་བཟང་ལ།། རྒས་པ་རབ་གཞོན་སྐད་སྙན་བུ་འདོད་འབྱུང་།། གློ་རྡོལ་སྐེམ་དང་གཅོང་ནད་འབྲས་མཚོན་རྨ།། མེས་ཚིག་རྨ་དང་རླུང་མཁྲིས་སྨྱོ་དང་དུག། དྭངས་མ་ཉམས་དང་རིམས་ནད་ཚད་པ་སེལ།། སྣུམ་ལས་འདི་མཆོག་བསིལ་ཞིང་ན་ཚོད་འཇོག། མར་རྙིང་སྨྱོ་བརྗེད་བརྒྱལ་བྱེད་རྣ་མིག་ཀླད།། ནད་སེལ་འཚོ་བྱེད་རྨ་འབྱོར་མངལ་ནད་སེལ།། ཞེས་གསུངས།

གོང་ངོས། མ་མ་མིག
X