>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྲོག་ཆགས་ཀྱི་སྨན། > > ནང་དོན།

སྦྲུལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-07 10:16:46 ཀློག་གྲངས། 9

           བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སྦྲུལ་ཆེན་མཁྲིས་པས་ནད་རྣམས་སྤྱི་ལ་ཕན། ཚིལ་གྱིས་མདེའུ་འབྱིན།  སྦྲུལ་གྱི་སྟོད་ཤས་མཆིན་མཁྲིས་སྦྱར་དུག་འཇོམས།  སྦྲུལ་ལྤགས་ཤ་བཀྲ་གླང་ཤུ་ཤ་མ་འབྱིན། གསེར་སྦྲུལ་ཤ་ཡིས་གཉན་འཇོམས་རོ་ཙ་ཤ་རྒྱས་བྱེད། ལྕགས་སྦྲུལ་ཤ་ཡིས་མིག་ལ་ཕན། གཡུ་སྦྲུལ་ཤ་ཡིས་འགྲིལ་བ་བཤིག སྨན་སྦྲུལ་ཤ་ཡིས་ཤ་སྐྱེད་འགགས་འབྱིན་དྲོ། ཐག་སྦྲུལ་ཤ་ཡིས་སྲིད་སྲུང་མིག་དང་དབང་པོར་གནོད། ཅེས་གསུངས།

གོང་ངོས། སྦུར་མགྱོགས།
X