>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྲོག་ཆགས་ཀྱི་སྨན། > > ནང་དོན།

བྱ་རྒོད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-07 8:50:40 ཀློག་གྲངས། 10

          བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བྱ་རྒོད་མིག་གིས་རྒྱང་གསལ་གྲིབ་ལ་ཕན། གྲེ་བས་མ་ཞུ་བ་དང་ཁྱད་པར་ཤ་འཇུ། སྙིང་གིས་དྲན་པ་ཉམས་པ་གསོ། ཕོ་བས་སྐྲན་བཤིག་མེ་དྲོད་སྐྱེད། རུས་པས་ཆུ་འགགས་སེལ།  ཤ་ཡིས་དྲོད་སྐྱེད། ལྦ་བ་འཇིག གདོན་ནད་སེལ། བྲུན་གྱིས་དྲོད་སྐྱེད། སྐྲན་བཤིག ལྷེན་དང་ལྕགས་དྲེག་འགོག སྐྲངས་པ་འཇོམས་དང་རྣག་ཏུ་འགུགས།  གདོན་ཀུན་སྲུང་། དྲི་ཆུས་གདོན་ལ་ཕན། ཞེས་གསུངས།

གོང་ངོས། བྱ་མ་བྱི།
X