>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྲོག་ཆགས་ཀྱི་སྨན། > > ནང་དོན།

ཕག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-04 11:28:14 ཀློག་གྲངས། 9

            བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཕག་ལྕེས་རུས་མཛེར་འགོག མཁྲིས་པས་རྨ་དུག་ཚད་སེལ་མིག་ལ་ཕན། རུས་པས་སྨུག་པོ་སེལ། རྐང་གིས་སྐྲ་དང་སྨིན་མ་བྱི་བ་སྐྱེད། ཚིལ་གྱིས་དུག་སྡུད་ཆུ་སེར་ཤུ་ཐོར་འཇོམས། ཁྲག་གིས་དུག་དང་སྨུག་པོ་བྱེར་བ་སྡུད། ཤ་ནི་བསིལ་ལ་ལྕི་བས་ཚད་པ་དང་འབྲས་འཇོམས།  བྲུན་གྱིས་མ་ཞུ་གཉན་རིམས་མཁྲིས་སྐྲན་འཇོམས། ཕག་རྒོད་ཤ་ཡིས་གདོན་ནད་སེལ། ཕག་རྒོད་མཆེ་བས་མདེའུ་འབྱིན། ཕག་ཐོད་རུས་པས་དམུ་ཆུ་སྐེམ། ཕག་ནག་སྣ་ཁྲག་གིས་ཡན་ལག་ཚིགས་ཀྱི་ཆུ་སེར་སྡོམ་པར་བྱེད། ཅེས་གསུངས།

གོང་ངོས། ཡིག་ཆ་མི་འདུག
X