>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྲོག་ཆགས་ཀྱི་སྨན། > > ནང་དོན།

ཉ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-04 8:48:57 ཀློག་གྲངས། 28

             བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཉ་ཡི་མིག་གིས་གཉིད་མཐུག་སྲུང་།། ཉ་མཁྲིས་རྨ་ཚད་མིག་འགྲིབ་མེས་ཚིག་འཚོ།། ཉ་རུས་རུས་པས་དམུ་ཆུ་སྐེམ།། ཉ་ཡི་ཀླད་པས་མོ་ཆགས་སྐྱེད་པར་བྱེད།།  ཉ་ཤས་རོ་ཙ་མཁལ་ནད་གྲང་བར་ཕན།།  རྣག་འཁྱིལ་བརྡལ་དང་བད་མཁྲིས་སེལ།། ཤིང་ཀུན་དང་སྦྱར་བས་འབྲས་བཤིག་རྨ་སྐྲན་དྲེག་དང་མོ་ནད་སེལ།།  ཉ་མགོ་བུད་མེད་རྩ་ནད་ཚབས་ནད་སེལ།། ཞེས་གསུངས།

གོང་ངོས། ཡིག་ཆ་མི་འདུག
X