>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྲོག་ཆགས་ཀྱི་སྨན། > > ནང་དོན།

གླང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-03 16:29:32 ཀློག་གྲངས། 21

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གླང་གི་མཆེར་བས་རྨ་དང་དུག་ལ་ཕན། མཁལ་མས་མཁལ་ཚབས་སེལ། ཁྲག་གིས་དུག་བྱེར་སྡུད། གླང་ནག་མཁྲིས་པས་སྦྱར་དུག་མིག་ལ་ཕོག་པར་ཕན། གླང་དམར་ཐུག་པོའི་གསོན་ཁྲག་དྲོན་མོས་དུག་ནད་རྩ་ཡི་འབྲོས་འཕྲང་སྡོམ།  གླང་ནག་རྨོང་ཁའི་སྤུ་ཡིས་རྨ་ལ་ཕན།  

   བ་སེར་གྱི་མཁྲིས་པས་སྨྱོ་བྱེད་སེལ། མཆེར་བས་དུག་དང་མིག་ལ་ཕན།  ལྕི་བ་སར་མ་ལྷུང་བས་གྱུར་དུག་ལ་ཕན།

           བ་གསར་ལྕི་བས་དབུགས་མི་བདེ་དང་ཆུ་སེར་ཤུ་ཐོར་སེལ། བ་ཆུས་ཆུ་སེར་ཚད་རྙིང་སྦྱོང་། བ་འོས་འཚོ་བྱེད་བཅུད་ལེན་གློ་རྡོལ་གློ་གཅོང་དང་།། ཁྲག་མཁྲིས་རིམས་རྙིང་གཅིན་སྙི་དབུགས་མི་བདེ།། ལུད་པ་བཀྲེས་སྐོམ་ངལ་དང་མགོ་འཁོར་མྱོས།། དཔལ་ཉམས་ལ་ཕན་སྟོབས་དང་ནུ་ཞོ་སྐྱེད།།   བ་ཤས་རུས་འཛེར་འགོག  བ་མེན་ཤ་ནི་བཅུད་དང་ལྡན།། བ་ལང་ཤ་ཡིས་མཁྲིས་ཚད་སེལ།  བ་ཡི་མར་མཆོག་ཏུ་གྱུར་པས་ཀུན་ལ་འཕྲོད།   ཀོོ་བཀ་ཀྵ་རའི་བ་ལང་དྲི་ཆུས་དངུལ་ཆུའི་དུག་གཡའ་འཁྲུད།  ཅེས་གསུངས།

གོང་ངོས། གྲུམ་པ།
X