>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྲོག་ཆགས་ཀྱི་སྨན། > > ནང་དོན།

ཁྱིམ་བྱ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-03 16:14:21 ཀློག་གྲངས། 21

         བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཁྱིམ་བྱའི་ཤ་ཡིས་ལུས་ཡང་རྩལ་སྟོབས་ཤུ་ཀྲ་སྐྱེད། སྒོ་ངས་ཁུ་བ་འཕེལ། སྒོང་སྤྲི་དཀར་པོས་མིག་ལ་ཕན། ཁྱིམ་བྱ་མཚལ་ལུའི་མཁྲིས་པས་རྨ་བྱའི་སྒོང་དུག་སེལ།  བྱ་ནག་མོའི་ཤ་ཡིས་སྦྱར་དུག་སེལ། བྱ་ནག་མོའི་སྒོ་ངའི་སེར་ཐིག་གིས་ལིང་རོ་གཅོད་བྱེད་རྨ་ལ་ཕན།  བྱ་ཕོའི་ཟེ་ཁྲག་གིས་ཤ་གསོ་ལྷ་བ་འཛིན་ཅིང་པདྨའི་རྡུལ་འབེབས། བྱ་ཕོའི་ཨོག་ཞོལ་ཁྲག་གིས་པདྨའི་རྡུལ་བསྡམས།  བྱ་ཕོའི་ཕྱི་སྡེར་གྱིས་མངལ་ནད་ཁྲག་ཚབས་སེལ། ཞེས་གསུངས།

གོང་ངོས། ཁ་ཤ།
X