>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

མ་རུ་རྩེ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-08 10:20:50 ཀློག་གྲངས། 36

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མ་རུ་རྩེ་ཡིས་སྲིན་ནད་སེལ་བར་བྱེད།། ཅེས་པའི་མིང་གུཉྫ། ཤྭེ་ཏ་གུཉྫ། མ་རུ་རྩེ་དཀར་པོ། རཀྟ་གུཉྫ། མ་རུ་རྩེ་དམར་པོ། གབ་ཏུ། སྲིན་བུ་དམར་ལེབ་ཟེར། འཁྲུངས་དཔེར། སྲིན་ནད་འཇོམས་པའི་མ་རུ་རྩེ།། ས་གཞི་དྲོད་ཆེའི་ཡུལ་ན་སྐྱེ།། ལོ་མ་སྔོ་བུན་ཕུང་པོ་ཆེ།། སྡོང་པོ་ཕྲ་མོ་མེ་ཏོག་སེར།། འབྲས་བུ་དམར་སེར་བྱིའུ་མཆིན་འདྲ།། རོ་ནི་ཁ་ལ་མངར་བ་ཡིན།། རང་གི་ནུས་པས་སྲིན་ནད་འཇོམས།། ཞེས་པས། མེ་ཏོག་རྩ་བ་སྔོན་པོ་རྩེ་སེར་པོ་གང་བུ་སྤུ་ཅན་གྱི་ནང་ནས་འབྲས་བུ་ལྔ་ཙམ་འོང་བ་སྟེ། འདྲ་དཔེར། མེར་རྩེ་བུ་མོའི་བྱ་ལེ་འདྲ།། ཚི་གུ་བྱིའུ་མཆིན་འདྲ་ལ་དམར།། ཞེས་སོ།། འདི་ལ་དཀར་དམར་རིགས་གཉིས་ཡོང་བ་ཡིན།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། མ་རུ་ཙེ་བྱིའུའི་མཆིན་པ་འདྲ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། མ་རུ་ཙེ་ནི། དྲོད་ཆེ་སར་སྐྱེ་བ་ལོ་རྐང་སྔོ་ལྗང་སྤུན་ལ་ཕུང་པོ་ཆེ་བ་སྡོང་པོ་ཕྲ་བ་མེ་ཏོག་རྩ་བ་སྔོ་ལ་རྩེ་སེར་པོ་གང་བུ་སྤུ་ཅན་གྱི་ནང་ན་འབྲུ་རོ་ཁ་མངར་ཅན་ལྔ་ཙམ་ཡོད་པའི་ཕྱི་ཤུན་དམར་སྨུག་བྱེའུའི་མཆིན་པ་འདྲ་བ་ཅན་ཏེ། དེས་སྲིན་ནད་བད་གྲུམ་སེལ།

གོང་ངོས། ཡིག་ཆ་མི་འདུག
X