>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

འཇམ་འབྲས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 11:26:41 ཀློག་གྲངས། 32

         བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། འཇམ་འབྲས་ནི། མིང་། མཉྫ་ཕ་ལ། འབྲས་སྔོན། གཡུ་སྒོང་། སྦྲུལ་སྒོང་ཟེར། སྐྱེ་ཚུལ་ནི། འཇམ་འབྲས་ཤིང་སྡོང་ནག་ཤས་ཆེ།། ལོ་མ་སིབ་པོ་ཚེར་མ་ཅན།། མེ་ཏོག་སེར་ལ་གང་བུ་ནི།།འཇོང་མོའི་ནང་གི་འབྲས་བུ་ནི། སྔོ་སྐྱ་ཐལ་སྒོ་ང་འདྲ།། སྤྲུགས་ན་ནང་ནས་རྒྱུག་སྐད་སྒྲོགས།། ཞེས་སོ།། འདྲ་ཡིག་ལས། འཇམ་འབྲས་སྦྲུལ་གྱི་སྒོ་ང་འདྲ།། ཞེས་སོ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། འཇམ་འབྲས་ལ། མཉྫ་ཕ་ལ། འབྲས་སྔོན། གཡུ་སྒོང་། མཚན་མོའི་ཕྲེང་བ། སྦྲུལ་སྒོང་།
     མཛེས་མཚར་མིག་རྒྱན་ལས། འཇམ་འབྲས་ནི། རྒྱ་སྐད་དུ། མཉྫ་ཕ་ལ། བོད་སྐད་དུ་འཇམ་པའི་འབྲས་བུ་ཟེར། ཤིང་སྡོང་ནག་ཤས་ཆེ་བ་ལོ་མ་སིབ་བོ་ཚེར་མ་ཅན་མེ་ཏོག་སེར་པོ་གང་བུ་འཇོང་མོར་འབྲས་བུ་སྔོ་སྐྱ་ཟླུམ་པོ་ཆེ་ཆུང་པུ་ཤུད་ཀྱི་སྒོ་ང་འདྲ་བ། ཐལ་ཁ་དཀྲོག་ན་ཁྲོག་སྒྲ་འབྱིན་པ། དེ་ཡན་འབྲས་སྣ་གསུམ་མམ་སྨད་འབྲས་གསུམ་ཟེར། དེས་མཁལ་གྲང་སེལ།

གོང་ངོས། ཡིག་ཆ་མི་འདུག
X