>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

མཆིན་པ་ཞོ་ཤ

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 11:24:11 ཀློག་གྲངས། 27

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མཆིན་པ་ཞོ་ཤས་མཆིན་དུག་རྩ་དཀར་སེལ།། ཞེས་པར།མིང་། བ་མཁལ་སྨུག་པོ་ཟེར། འཁྲུངས་དཔེར། བ་མཁལ་སྨུག་པོ་ཞེས་བྱ་བ།། ལྷོ་རོང་ཚད་པའི་ཡུལ་དུ་སྐྱེ།། ཤིང་སྡོང་མཆོག་ཏུ་ཆེ་བ་ལ།། གང་བུ་འདོམ་ཕྱེད་ཙམ་ནང་ནས།། འབྲས་བུ་དམར་པོ་གླང་མིག་འདྲ།། ཞེས་འབྲས་བུ་དམར་ལ་སྨུག་ཞད་ཡོད་པ། མཆིན་པའི་མདོག་དབྱིབས་ཅན་ལེབ་མོ་མཐེབ་སྐོར་ཙམ། འདྲ་ཡིག་དུང་མིག་ལས། མཆིན་པ་ཞོ་ཤ་མཆིན་པ་འདྲ།། ཞེས་སོ།།
སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། མཆིན་པ་ཞོ་ཤ་ལ། གློ་མཆིན་པ། བ་མཁལ་སྨུག་པོ།
     མཛེས་མཚར་མིག་རྒྱན་ལས། མཆིན་པ་ཞོ་ཤ་ནི། བ་མཁལ་སྨུག་པོ་ཟེར། ཚད་རོང་ཡུལ་དུ་སྐྱེས་ཤིང་སྡོང་པོ་རབ་ཏུ་ཆེ་བ་གང་བུ་འདོམ་ཕྱེད་ཙམ་གྱི་འབྲས་བུ་དམར་སྨུག་མདོག་མཆིན་པ་འདྲ་ལ་ལེབ་མོ་མཐེབ་སྐོར་ཙམ། འདིར་ལ་ལས་མཆིན་ཞོ་ནི་གླ་གོར་རོ་ཞེ་ན། མན་རྒྱུད་དུག་ལེར། མཆིན་པ་ན་ན་བ་མཁལ་སྨུག་པོའི་ཐང་ཞེས་གསུངས་པའི་ཕྱིར་མཆིན་པ་ཞོ་ཤ་ཡིན་པར་གསལ།

གོང་ངོས། ཡིག་ཆ་མི་འདུག
X