>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

གོ་བྱེ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-06-06 11:19:04 ཀློག་གྲངས། 40

         བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གོ་བྱེས་སྲིན་གསོད་རུལ་གཅོད་ཕོ་རིམས་སེལ།། ཞེས་པར། བདུད་རྩི་ཐིགས་པར། བསེ་ཤིང་འབྲས་བུ་དྲོ་ཞིང་སྐམ་པས་ནི།། ཆུ་སེར་སྐེམ་ཞིང་རྨེན་སེལ་བཅུད་ལེན་འགྱུར།། ཞེས་དང་། རང་བྱུང་བས། གོ་བྱེ་སྨུག་པོ་སེལ་བའི་མཆོག། ཅེས་པར། བ་ཏ་ལ་ཀ བྷལླཱ་ཏ་ཀ བྷཻ་ལ་བ། མ་ནུ་བསེ་ཤིང་། བསེ་མ་ནུ། གོ་བྱེ། བསེ་འབྲུམ། བསེ་འབྲས། མ་ནུ་ཁྲག་ཅན་ཟེར། ངོ་བོ་བསེ་ཤིང་དཀར་ནག་གཉིས་ཡོད་པའི་བསེ་དཀར་གྱི་འབྲས་བུ་སྟེ། འབྲས་བུའི་ཕྱི་སྐོགས་སྐྱེ་མཚམས་སུ་རྐྱལ་པའི་ཁ་སྒྲོ་ལྟར་འདུས་ཤིང་། ཕྱི་དབྱིབས་ནི། གོ་བྱེ་རྟ་ཡི་ནུ་མདེའུ་འདྲ།། ཞེས་པ་ལྟར་དང་། ནང་དུ་སྣུམ་དམར་པོ་ཁྲག་འདྲ་བ་ཡོད་པས། གོ་བྱེ་ཁྲག་གི་རྐྱལ་པ་འདྲ།། ཞེས་པ་ལྟར། འདི་ཆེར་བྱུགས་ན་པགས་འོག་གི་ཆུ་སེར་ཕྱིར་འབྱིན་པ་དང་པགས་པ་བརྟོལ་པར་བྱེད། འདིའི་སྣུམ་གྱིས་རྒྱ་ནག་གིས་རྩི་བྱས་པའི་བསེ་ཕོར་སོགས་ཚ་གྲང་གང་ཡང་ཐུབ་པ་དེ་ཡིན། དུག་བསྲུང་མ་ཤེས་པས་ལག་ལེན་མི་བཏུབ།རེག་དུག་ཆེ་བས་མཐའ་མི་རྣམས་ཀྱིས་བསེ་དུག་གམ་སེ་དུག་གམ་བསེ་མོག་ཅེས་པའི་རེག་དུག་འདི་ལ་འཆོས་པ་ཡིན།
         སྨན་མིང་རྒྱ་མཚོ་ལས། གོ་བྱེ་སྨུག་པོ་སེལ་བའི་མཆོག།

གོང་ངོས། ཡིག་ཆ་མི་འདུག
X