//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཀྲུང་གོའི་བོད་ཀྱི་གསོ་རིག > རྩོམ་འགོད་བརྡ་སྦྱོར། > ནང་དོན།

རྩོམ་འགོད་བརྡ་སྦྱོར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-20 16:13:16 ཀློག་གྲངས། 47 

ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་འདི་ཉིད་སྤྱི་ཚོགས་ཐོག་འགྲེམ་སྤེལ་བྱས་ནས་ད་བར་ལོ་ངོ་བདུན་ལྷག་འདས་ལ།  དེའི་རིང་ལས་རིགས་སོ་སོའི་ཆེད་མཁས་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་བརྩེ་གཟིགས་དང་ཟོལ་མེད་ཀྱི་རྒྱབ་སྐྱོར་གནང་ཞིང་།  དེ་དང་ལྷན་དུ་མ་འོངས་པའི་རྒྱུད་འཛིན་འཕེལ་རྒྱས་ལ་དམིགས་ཏེ་རིན་ཐང་ཅན་གྱི་དགོངས་འཆར་ཡང་མི་ཉུང་བ་ཞིག་བཏོན་བྱུང་།  དེར་གཞིགས་ཏེ་ངེད་རྩོམ་སྒྲིག་ཁང་གིས་དུས་དེབ་ཀྱི་སྒྲིག་གཞི་ཇེ་ལེགས་དང་རིག་གཞུང་ཆུ་ཚད་ཇེ་མཐོ།  གཞུང་ལུགས་ཀྱི་རྨང་གཞི་ཇེ་བརྟན།  བགྲོ་གླེང་གི་གོམ་ཁ་ཇེ་མགྱོགས།  རིག་པའི་བང་མཛོད་ཇེ་ཕྱུག་ཏུ་གཏོང་ཆེད་ལས་ཚན་མི་ཉུང་བ་ཞིག་ཁ་སྣོན་བྱས་ཡོད་པ་སྟེ།

དེ་ཡང་གསོ་རིག་ལོ་རྒྱུས།  རྨང་གཞིའི་གཞུང་ལུགས།  ཡིག་ཚང་ཞིབ་འཇུག  ནད་ཐོག་ཞིབ་འཇུག  ལུས་སེམས་བདེ་སྲུང་།  གསོ་རིག་སློབ་གསོ།  ནད་གཡོག་རིག་པ།  སྲིད་བྱུས་དང་ཐབས་ཇུས།  སྨན་རིག་ཞིབ་འཇུག  ཚད་གཞི་དང་ངེས་སྲོལ།  དཀའ་གནད་དོགས་སེལ།  གནམ་རིག་སྐར་རྩིས།  ནད་ཐོག་མྱོང་བྱང་།  སྨན་རྫས་ཐོན་ཁུངས།  ཆ་འཕྲིན་ཞིབ་འཇུག  བྱ་བཞག་དོན་དམ།  མཁས་པའི་གསུང་གླེང་།  རིག་གཞུང་བསྡུར་དཔྱོད། བསྒྱུར་རྩོམ།  གནའ་རྩོམ་གདམས་བཀོད་སོགས་ལས་ཚན་གང་མང་ཞིག་འདོན་ཐེངས་རེ་རེའི་དུས་དེབ་ཀྱི་དཔྱད་རྩོམ་རིགས་ལ་དམིགས་ཏེ་དགོས་ངེས་ཀྱི་སྒྲིག་འགོད་བྱ་རྒྱུ་ཡིན།

དེ་ཡང་རྒྱ་ཆེའི་རྩོམ་པ་པོ་རྣམས་ནས་གོང་གསལ་ལས་ཚན་དེ་དག་གིས་གཙོས་པའི་གང་འགབ་ཀྱི་ཕྱག་རྩོམ་ལྷུགས་སྩོལ་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག  ཐུགས་མཉམ་འཇོག་དགོས་རིགས་ནི།

༡ དཔྱད་རྩོམ་དང་མཉམ་དུ་རྒྱ་བོད་ཡིག་རིགས་གཉིས་ཀའི་དཔྱད་རྩོམ་གྱི་མཚན་བྱང་དང་དེའི་ནང་དོན་གནད་བསྡུས།  གནད་ཚིག  རྒྱ་བོད་ཡིག་རིགས་གཉིས་ཀའི་རྩོམ་པ་པོའི་མིང་།  ལས་ཀ་དང་ལག་རྩལ་གྱི་ཐོབ་ཐང་། ལས་ཁུངས། འབྲེལ་གཏུག་བྱེད་ཡུལ། སྦྲག་ཨང་། ཁ་པར་ཨང་གྲངས་སོགས་གསལ་འགོད་བྱེད་དགོས།

༢ དཔྱད་གཞིའི་ཡིག་ཆ་རྣམས་ཀྱི་དཔེ་མིང་རྩོམ་པ་པོ།  དཔེ་སྐྲུན་ཁང་།  པར་སྐྲུན་ལོ་དུས། ཤོག་ངོས་ཨང་གྲངས་སོགས་གསལ་བོར་འགོད་དགོས།

༣ དཔྱད་རྩོམ་ཉིད་རྩོམ་པ་པོ་རང་ཉིད་ཀྱིས་གསར་དུ་བྲིས་པ་ལས་གཞན་ལས་སྤོ་བཤུ་དང་དེ་སྔོན་དཔེ་སྐྲུན་བྱས་ཟིན་པ་མ་ཡིན་པ་དང་།  ཡིག་གྲངས་སུམ་བརྒྱ་ལས་མ་ཉུང་བ་དང་ཁྲི་གཅིག་ལས་མ་བརྒལ་བ་ཞིག་ཡིན་དགོས།

༤ དཔྱད་རྩོམ་གྱི་ཡིག་གཟུགས་གྲ་དག་ཅིང་།  བྲིས་ལེགས་པ།  ཆད་ལྷག་དང་བསུབ་ནོག་མེད་པར་ཞུས་དག་གཏན་འབེབས་བྱས་རྗེས། རབ་ཡིན་ན་གློག་ཡིག་པར་གཞི་དང་བཅས་བསྐུར་དགོས།

༥ དཔྱད་རྩོམ་འབྱོར་ཉིན་ནས་ཟླ་གསུམ་གྱི་ནང་དུ་འགོད་མིན་གྱི་ལན་བརྡ་གཏོང་ངེས་ཡིན་པས་དེའི་སྔོན་དུ་དུས་དེབ་གཞན་དུ་མི་བསྐུར་བ་དང་།  མ་ཕྱི་ཕྱིར་མི་སློག་པས་ཉར་ཚགས་ཡོད་པར་མཛོད།  དུས་དེབ་ཏུ་བཀོད་རྗེས་རྩོམ་པ་པོ་ཉིད་ལ་དུས་དེབ་གཉིས་རེ་མཁོ་སྤྲོད་བྱེད་རྒྱུ་ཡིན།

༦ དུས་དེབ་འདི་དུས་ཚིགས་རེའི་ནང་དུ་ཐེངས་རེ་དང་།  ལོ་རེའི་ཟླ་བ་གསུམ་པ་དང་།  དྲུག་པ། དགུ་བ།  བཅུ་གཉིས་བཅས་ཀྱི་ཚེས་བཅོ་ལྔའི་ཡས་མས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱེད་རྒྱུ་ཡིན།

༧ དཔྱད་རྩོམ་གང་ཡང་འདི་གར་འབྱོར་ཚེ་རྩོམ་སྒྲིག་པས་དུས་དེབ་ཀྱི་ནང་དོན་དང་སྒྲིག་སྟངས་སོགས་ལ་དམིགས་ནས་འོས་མཚམས་ཀྱི་བཟོ་བཅོས་དང་ཞུས་གཏན་བྱེད་ངེས་ཡིན་པས་གལ་ཏེ་བཟོ་བཅོས་བརྒྱག་པར་མི་འཐད་ཚེ་དཔྱད་རྩོམ་གྱི་མཇུག་ཏུ་གསལ་བཤད་གནང་རོགས།



གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X