>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

འབྲ་གོ

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 9:42:38 ཀློག་གྲངས། 47

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། འབྲ་གོས་བད་ཀན་སྨུག་སེར་ཕོ་ནད་སེལ།། ཞེས་པར། དོན་ལ་མ་ནུ་རྟ་སྐམ་ཞེས་པ་དེ་ཡིན་ལ་ངོ་བོ་ནི་ཨ་རུ་ཤ་ཆེན་འདྲ་བས་ཨ་འདྲ་ཡང་ཟེར་བ་དང་། ཧ་རེ་ཎི་ཀ་ཡང་ཟེར། ཀྵི་ས་ཁར་ཡང་ཟེར་བ། འབྲས་བུ་རྟའི་ནུ་མ་དང་ཡང་འདྲ་ལ་ཁད་པ་འབྱུང་། འདི་རྒྱ་གར་དང་ཁ་ཆེའི་ན་ཁར་སྐྱེ། མེ་ཏོག་དཀར་སེར་སོགས་མ་ངེས་པ་འབྱུང་ཟེར། འདི་ལ་འགའ་ཞིག་གིས་རོ་ཤིན་ཏུ་མངར་བ་ཞིག་དགོས་པར་སེམས་གསུངས་ཀྱང་། རོ་མངར་བ་ས་ཆུའི་རང་བཞིན་ཡིན་པས་མངར་བས་བད་ཀན་སྐྱེད་གསུངས་བཞིན་གྱིས་ཕན་པའི་རྒྱུ་མཚན་མ་རྙེད།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། འབྲ་གོ་ནི།ཤིང་ཙུ་ཏའི་འབྲས་བུ་དང་བསེ་འབྲས་སོགས་ལ་འདོད་པ་ནོར་ལ། དངོས་ནི་ཤིང་སྡོང་དམར་པོ་ལོ་ལྗང་མེ་ཏོག་དཀར་སེར་སྔོ་སོགས་ཅི་རིགས་འཆར་བའི་འབྲས་བུ་ཨ་རུ་ཤ་ཆེན་འདྲ་བ་རོ་མངར་བ་ཅན་ཨ་མྲའི་འབྲས་བུར་གྲགས་པ་མཆོག་དང་། དམན་པ་ཡང་སྡོང་དམར་ལོ་ལྗང་ཚེར་ཅན་མེ་ཏོག་དཀར་པོ་ཅན་གྱི་འབྲུ་རྟའི་ནུ་མ་འདྲ་བ་ཧ་རེ་ཎི་ཀ་ཞེས་མ་ནུ་རྟ་སྐམ་མམ་ཙུ་རིར་གྲགས་པ་སྟེ། དེ་དག་གིས་བད་ཀན་སྨུག་སེར་ཕོ་ནད་དང་། ཁྱད་པར་དུ་ཕྱི་མས་རླུང་ཁྲག་ཚ་བ་དང་སྨྱོ་བྱེད་ཀྱི་གདོན་སེལ་ཞིང་རོ་ཙ་བར་བྱེད།
     མཛེས་མཚར་མིག་རྒྱན་ལས། འབྲ་གོ་ནི། ཤིང་སྡོང་དམར་པོ་ལོ་ལྗང་མེ་ཏོག་སེར་སྔོ་ཅི་རིགས་འཆར་བའི་འབྲས་བུ་ཨ་རུ་ཤ་ཆེན་འདྲ་བ་རོ་མངར་ཨ་མྲའི་འབྲས་བུ་ཞེས་མཆོག་སྟེ། བཻ་སྔོན་བཤད་འགྲེལ་ལེའུ་ལྔ་པར་ཟས་ཁ་སུར་པར་གྲགས་པ་རྒྱ་གར་བྷ་ཏྲ་ཎའི་ཐང་ལ་སྐྱེ་བ་སྡོང་པོ་ཇ་ཁ་ལོ་མ་ལྗང་གུ་འབྲས་བུ་མ་སྨིན་པའི་དུས་མདོག་སྣ་ཚོགས་དང་སྨིན་ནས་ཨ་རུ་ར་འདྲ་གྱུར་པར་འབྲ་གོར་ཟུར་མཁར་བས་བཞེད་པ་ཞེས་དང་སུམྦྷ་རིན་པོ་ཆེས་ཀྱང་བདུད་རྩི་ཆུ་རྒྱུན་དང་ཤེལ་དཀར་མེ་ལོང་གི་མིང་སྐབས་སུ་ཁ་སུར་བ་ཟེར་བར་གསུངས་པའོ།། དམར་པོ་ནི། སྡོང་དམར་ལོ་ལྗང་ཚེར་ཅན་མེ་ཏོག་དཀར་པོའི་འབྲུ་རྟའི་ནུ་མ་འདྲ་ཧ་རི་ནུ་ཀ་འམ་མ་ནུ་རྟ་སྐམ་ཞེས་དང་། གསེར་རྒྱན་ལས་ནུ་མ་འདྲ་བ་ལ་མཐེབ་ཆེན་ཙམ་ཁོང་སྤུ་ཡོད་པ་མདོག་དམར་བ་སྟེ། ཞེས་དང་། བཻ་སྔོན་དུ་འཆི་བ་ཁ་ཡིན་པར་བཤད། དེས་བད་ཀན་སྨུག་སེར་ཕོ་ནད་སེལ།།

གོང་ངོས། དབང་པོ་ལག་པ།
X