//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཀྲུང་གོའི་བོད་ཀྱི་གསོ་རིག > དུས་དེབ་ངོ་སྤྲོད། > ནང་དོན།

དུས་དེབ་ངོ་སྤྲོད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-20 14:29:39 ཀློག་གྲངས། 49 

ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་ནི་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་གིས་ཆོག་མཆན་འོག་གསར་དུ་བཏོད་པའི་དུས་དེབ་སྟེ་ཡིག་ཨང་༼༢༠༠༦༽༡༢༣༧ཅན་ཡིན།  འདི་ནི་མཚོ་སྔོན་ཨ་རུ་བོད་སྨན་སྡེ་ཚོགས་ཀྱིས་གཙོ་གཉེར་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་།  མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་བཅས་ཀྱིས་གཙོ་སྒྲུབ་བྱས་པས་རང་རྒྱལ་དུ་ལོ་རྒྱུས་སྟེང་ཕྱི་ཕྱོགས་སུ་མངོན་གསལ་གྱིས་སྤེལ་བའི་བོད་སྨན་རིག་གཞུང་དུས་དེབ་ཆེས་ཐོག་མ་ཡིན། (པར་སྐྲུན་ཡིག་ཨང་CN-1066/R) དང་།  པར་གཞི་བོད་ཡིག  དུས་ཚིགས་རེའི་དུས་དེབ།  དེབ་ཚད་ཚོན་བཅུ་དྲུག་ཅན་ཞིག་ཡིན།

དུས་དེབ་སྤེལ་བའི་རྩ་དོན། སྲོལ་རྒྱུན་གསོ་བ་རིག་པ་མུ་མཐུད་དུ་རྒྱུད་འཛིན་དང་།  བོད་སྨན་གྱི་ཕུལ་བྱུང་རིག་གནས་དར་སྤེལ།  རིག་གཞུང་འཕེལ་རྒྱས་དང་ལག་རྩལ་གསར་སྐྲུན་ཁྱབ་གདལ་དུ་གཏོང་བ།  བོད་སྨན་རིག་གཞུང་གི་ཆུ་ཚད་མཐོར་འདེགས་སུ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་བོད་སྨན་སྤེལ་རེས་ལ་སྐུལ་སྤེལ་དང་མི་མང་མང་ཚོགས་ཀྱི་ཚེ་སྲོག་རྟག་བརྟན་ཡོང་བར་མཐོར་འདེགས་བྱེད་པ་བཅས་སོ།།

ཚོགས་པའི་སྒྲིག་གཞི། ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་ཀྱི་ཆེད་བསྐོས་བློ་འདྲི་བྱ་ཡུལ་ནི།  བསྟན་ཁོ།  ཉི་མ། ཉི་མ་ཚེ་རིང་།  རྟ་མགྲིན་རྒྱལ་བཅས་ཡིན།

ཀྲུའུ་རིན། འོ་ཚོགས་ཆེན།

ཀྲུའུ་རིན་གཞོན་པ། ཀུན་ཅུན། རྡོ་རྗེ།  བྱ་མདོ་ཀླུ་བྱམས་རྒྱལ། དབང་ཆེན་ཚེ་བརྟན། གྲོ་ཚང་དོན་གྲུབ།

ཨུ་ཡོན། ཀླུ་བྱམས་རྒྱལ།  བན་གོ། འཇིགས་མེད་རྡོ་རྗེ།  ཧང་ཧྥའུ་ཁད།  དབང་ཆེན་འབུམ། དུང་གཅེས། རི ན་ཆེན། ཚེ ་དབང་རྒྱ་མཚོ། ཟོ ན་ཐར་རྒྱལ།  བང་ཅན་ཞིན།  རྡོ་རྗེ་ཚེ་རིང་།  ཉིས་ཁྲོན་ཧ།  ཐུབ་པ་ཚེ་རིང་། པདྨ་སྒྲོལ་དཀར། བཀྲ་ཤིས་དོན་གྲུབ།  བློ་བཟང་ཚེ་རིང་སོགས་བོད་སྨན་ཆེད་མཁས་ཀྱིས་གྲུབ་པའི་ཚོགས་པ་ཞིག་ཡིན་པས་ན་འདིས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཆུ་ཚད་ཆེས་མཐོ་བ་མཚོན་ཐུབ།

ལེ་ཚན་ངོ་སྤྲོད།  ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་ལ་ཉེ་སྔོན་གསོ་རིག་ལོ་རྒྱུས། རྨང་གཞིའི་གཞུང་ལུགས།  ཡིག་ཚང་ཞིབ་འཇུག  ནད་ཐོག་ཞིབ་འཇུག  ལུས་སེམས་བདེ་སྲུང་།  གསོ་རིག་སློབ་གསོ།  ནད་གཡོག་རིག་པ།  སྲིད་བྱུས་དང་ཐབས་ཇུས།  སྨན་རིག་ཞིབ་འཇུག  ཚད་གཞི་དང་ངེས་སྲོལ།  དཀའ་གནད་དོགས་སེལ།  གནམ་རིག་སྐར་རྩིས།  ནད་ཐོག་མྱོང་བྱང་།  སྨན་རྫས་ཐོན་ཁུངས།  ཆ་འཕྲིན་ཞིབ་འཇུག  བྱ་བཞག་དོན་དམ།  མཁས་པའི་གསུང་གླེང་།  རིག་གཞུང་བསྡུར་དཔྱོད། བསྒྱུར་རྩོམ།  གནའ་རྩོམ་གདམས་བཀོད་སོགས་ཡིན་ལ།   དེའི་ནང་ནས་ཀྱང་གཙོ་བོ་བོད་ཀྱི་གསོ་བ་རིག་པའི་འབྱུང་ཁུངས་དང་ལོ་རྒྱུས་འཕེལ་རྒྱུས་ལ་བགྲོ་གླེང་བྱེད་པ། གསོ་བ་རིག་པའི་ཤུལ་བཞག་རིག་གནས་རྒྱུད་འཛིན་ཐད་ཞིབ་འཇུག་བྱེད་པ། སྐར་མའི་འཁོར་བསྐྱོད་དང་མི་ལུས་བདེ་ཐང་།  འབྱུང་བ་ལྔ། ཉེས་པ་གསུམ། གདགས་སྲིབ།  ཚ་གྲང་སོགས་རྨང་གཞིའི་གཞུང་ལུགས་ཀྱི་གོ་དོན་གསལ་སྟོན་དང་། ནད་རིགས་སྣ་ཚོགས་ཀྱི་ངོས་འཛིན་དང་གསོ་བཅོས་བྱེད་ཐབས་ལ་ཚན་རིག་རང་བཞིན་གྱིས་ཕྱོགས་བསྡོམས་བྱེད་པ།  བོད་སྨན་གྱི་ནུས་པའི་གྲུབ་ཆ་དང་།  སྨན་རྫས་སྡེབས་སྦྱོར་དང་འདུལ་སྦྱོང་བཟོ་རྩལ་སོགས་ལ་ཞིབ་འཇུག་བྱེད་པ།  བོད་སྨན་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་གྱི་རིགས་ལ་གཏིང་ཟབ་པའི་སྒོ་ནས་ཞིབ་འཇུག་བྱེད་པ་བཅས་སོ། །  

འགྲེམ་སྤེལ་བྱ་ཡུལ། ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་ནི་རྒྱལ་ཁབ་ཕྱི་ནང་གི་བོད་སྨན་ཁང་དང་། ཞིབ་འཇུག་ཁང་། ཞིབ་འཇུག་གླིང་། སློབ་གྲྭ་ཆེ་བ་དང་ཆེད་ཚན་སློབ་གྲྭ་ཆེན་མོ། བོད་སྨན་ཁེ་ལས་དང་རྒྱ་ཆེ་བའི་མང་ཚོགས་དང་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་མངོན་གསལ་དུ་འགྲེམ་སྤེལ་བྱེད་རྒྱུ་ཡིན།

དུས་དེབ་སྤེལ་བའི་དམིགས་ཡུལ། ནུས་ཤུགས་ཡོད་ཚད་ཀྱིས་དུས་དེབ་འདི་བསྒྲུབས་ནས་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་གསར་བ་ཁྱབ་བསྒྲགས་དང་། རང་རྒྱལ་དུ་འཐུས་ཚབ་རང་བཞིན་གྱི་རིག་གཞུང་ཆུ་ཚད་ཆེས་མཐོ་སར་སླེབས་རྒྱུ་དང་།  ལྷག་ཏུ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་དོན་སྤྱི་དང་།  རྩ་ཆེ་བའི་ལོ་རྒྱུས་ཀྱི་རིན་ཐང་དང་མངོན་གསལ་དོད་པའི་བཀོལ་སྤྱོད་རིན་ཐང་གི་ཆེད་ལས་དུས་དེབ་ཅིག་ཏུ་འགྱུར་བར་བྱ་རྒྱུ་དེ་ཡིན།


གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X